http://zw.xzqnb.cn/Content/weixinlogo.png
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རོ་དང་མཚུངས་པའི་ལུས་པོ་འདི། །ག
http://zw.xzqnb.cn/m/content/2023-10/27/000331.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མི་རིན་པོ་ཆེ།

༄༅། །བཅོ་བརྒྱད་ལང་ཚོ།

༄༅། །བདག་གི་མི་ཚེའི་རིན་ཐང་།

བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ཉམས་འགྱུར།

等待处理…

༄༅། །བདག་གི་མི་ཚེའི་རིན་ཐང་།

作者 བཀྲ་ཤིས་ལྷ་མོ།
2023年10月27日

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རོ་དང་མཚུངས་པའི་ལུས་པོ་འདི། །ག་དུས་ཤི་ཡང་མི་འགྱོད་དེ། །གསེར་དང་མཚུངས་པའི་རྣམ་དཔྱོད་དག །མཉམ་དུ་ཤི་ན་ཤིན་ཏུ་ཕངས། །ཞེས་གསུངས་པ་ལྟར་མི་ཚེ་རིན་ཐང་ལྡན་པ་ལ་སྔོན་ལ་རྣམ་སྤྱོད་ལྡན་དགོས། རྣམ་དཔྱོད་ཡང་དག་དགོས་ན་ཤེས་ཡོན་སློབ་སྦྱོང་བྱེད་དགོས་ལ། རང་གི་མི་ཚེ་དོན་སྙིང་མེད་དང་ལྡན་པར་རོལ་དགོས་ཚེ་སློབ་སྦྱོང་བྱས་ནས་རྣམ་དཔྱོད་གསོ་སྐྱོང་བྱ་དགོས།

ཆུང་དུས་ཡོན་ཏན་མ་སྦྱངས་ན། ཆེ་དུས་ངུ་དང་མ་ངུས་མེད། ཞེས་པའི་གནའ་གཏམ་ལྟར། ད་ལྟ་སློབ་སྦྱོང་བྱེད་པའི་དུས་སྐབས་འདི་འཕྲོ་བརླག་ཏུ་མི་བཏང་བར་དམ་དུ་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེ། གང་ཡིན་ཟེར་ན། མ་འོངས་པར་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་ཡིན། ཡིན་ནའང་ད་ལྟ་བདག་གི་རིན་ཐང་ལྡན་པའི་བྱ་བ་ཆེ་ཤོས་ནི་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་མ་ཟད། ད་དུང་ང་ཚོས་ད་ལྟ་ནས་ཕ་མ་ལ་ཞབས་འདེགས་ཞུ་དགོས་པ་དང་རྗེས་སུ་མི་ཚེའི་རིན་ཐང་དེ་དོན་སྙིང་ལྡན་པ་ཞིག་དགོས་པ་ཡིན། ང་ཚོས་སྐྱེ་བོ་ངན་པ་ཞིག་བྱས་ནས་རང་ཉིད་ཀྱི་མི་ཚེ་དེ་རིན་ཐང་མེད་པ་ཞིག་བྱེད་མི་རུང་གལ་ཏེ་སྐྱེ་བོ་ངན་པ་ཞིག་དུ་འགྱུར་ན་སྤྱི་ཚོགས་ཐོག་ལ་རིན་ཐང་མེད་པ་ཞིག་ཆགས་ངེས་ཡིན། དེ་ཡང་ས་པཎ་གྱིས་སྐྱེ་བོ་ངན་པ་སྲང་མདའ་བཞིན། ། ཅུང་ཟད་ཙམ་གྱིས་མཐོ་དམའ་བྱེད།།ཞེས་གསུངས་པ་ལྟར་མི་ཚེ་དེ་རིན་ཐང་ལྡན་པར་འགྱུར་ཆེད་སྐྱེ་བོ་དམ་པ་ཚོའི་བཀའ་སློབ་ལ་ཉམས་ཞིབ་ནས་སྐྱེ་བོ་དམ་པའི་རང་གཤིས་བཟང་པོ་དེ་ག་ལེར་རྒྱུད་ལ་འཇགས་པ་བྱ་ཆེད་ཁོང་རྣམས་པའི་དཔེ་དེབ་ཀློག་རྒྱུ་དེའོ། །

སློབ་མ་ཚོ་རང་གི་མི་ཚེ་རིན་ཐང་ལྡན་པའི་ཕྱོགས་སུ་འགྱུར་ཆེད་ད་ལྟ་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་མ་འོངས་རང་ཉིད་འགྱོད་པའི་ལམ་དུ་མི་འགྲོ་བར་འབད་དགོས་སོ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ་༡(༤)

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博