http://zw.xzqnb.cn/Content/weixinlogo.png
2003ལོ།①★ ཟླ་1ཚེས་8ཉིན། ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་གྲོང་གསེབ་ལས་
http://zw.xzqnb.cn/m/content/2023-10/27/000327.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

དཀའ་བའི་ལ་ཞིག་མ་བརྒྱབ་ན་བདེ་མོའི་ཐང་ལ་སླེབས་མི་སྲིད།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་པེ་ཅིང་དུ་འགོ་ཚུགས་པ།

等待处理…

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2023年10月27日

2003ལོ།①

★ ཟླ་1ཚེས་8ཉིན། ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་ལས་དང་གྲོང་གསེབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

★ ཟླ་3ཚེས་3ནས་14ཉིན་བར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ཅ་ཆིང་ལིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད།

★ ཟླ་3ཚེས་4ཉིན། ཧུའུ་ཅིན་ཐའོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་གྲངས་ཉུང་མི་རིགས་རིགས་ཁོངས་ཨུ་ལྷན་གྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་དུས་རབས་གསར་པ་དང་དུས་མཚམས་གསར་པའི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་ཡིན་ཞེས་གསུངས་པ་རེད།

★ ཟླ་3ཚེས་5ནས་18ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ཧུའུ་ཅིན་ཐའོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་དང་། ཅང་ཙེ་མིན་རྒྱལ་ཁབ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ། ཝུའུ་པང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལ་བདམས་པ་རེད། དབུན་ཅ་པའོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་འདེམས་རྒྱུའི་གཏན་འབེབས་བྱས་པ་རེད།

★ དཔྱིད། རང་རྒྱལ་དུ་དམིགས་བསལ་གློ་ཚད་ཀྱི་རིམས་ནད་ཚབས་ཆེན་ཐོན་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག དམིགས་བསལ་གློ་ཚད་འགོག་བཅོས་ལ་དམ་འཛིན་བྱེད་ཀྱིན་དུ་དཔལ་འབྱོར་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་དམིགས་བསལ་གློ་ཚད་འགོག་བཅོས་ལས་དོན་ལ་རྒྱལ་ཁ་ཆེན་པོ་བླངས་ཡོད། ཟླ་7ཚེས་28ཉིན། ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་ཀྱི་དམིགས་བསལ་གློ་ཚད་འགོག་བཅོས་ལས་དོན་ཚོགས་འདུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་ཞིབ་འཇུག་དང་དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

★ ཟླ་6ཚེས་29ཉིན། ནང་ས་དང་ཤང་ཀང་དབར《ནང་ས་དང་ཤང་ཀང་དབར་དེ་བས་དམ་ཟབ་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་བཀོད་སྒྲིག》ལ་མིང་རྟགས་བཀོད་པ་རེད། ཟླ་10ཚེས་27ཉིན་ནང་ས་དང་ཨའོ་མོན་དབར《ནང་ས་དང་ཨའོ་མོན་དབར་དེ་བས་དམ་ཟབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་བཀོད་སྒྲིག》ལ་མིང་རྟགས་བཀོད་པ་རེད།

★ ཟླ་8ཚེས་28ཉིན་ནས་ཟླ་9ཚེས་1ཉིན་བར། ཧུའུ་ཅིན་ཐའོ་ཡིས་ཅང་ཤིས་སུ་ལས་དོན་རྟོག་ཞིབ་གནང་སྐབས། མཐུན་སྦྱོར་འཕེལ་རྒྱས་དང་། ཕྱོགས་ཡོངས་འཕེལ་རྒྱས། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བརྟན་པོ་ཆགས་པར་བྱེད་དགོས་ཞེས་ཁ་གསལ་བཏོན་གནང་ཡོད།

རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博