http://zw.xzqnb.cn/Content/weixinlogo.png
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་ལྟེ་བའི་སློབ་ཆུང་
http://zw.xzqnb.cn/m/content/2023-10/20/000314.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

དགེ་རྒན་གྱི་ལས་རོགས་ཡག་ཤོས་དང་སློབ་གྲོགས་ཀྱི་མིག་དཔེ་བཟང་པོ།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་འགྲན་སྐོར་དང་པོའི་འགྲན་བསྡུར་འགོ་ཚུགས་པ།

དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།

等待处理…

བདེ་སྐྱིད་གཡང་འཛོམས།

དགེ་རྒན་གྱི་ལས་རོགས་ཡག་ཤོས་དང་སློབ་གྲོགས་ཀྱི་མིག་དཔེ་བཟང་པོ།

2023年10月20日

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་རིམ་ལྔ་པའི་འཛིན་གྲྭ་གསུམ་པའི་སློབ་མ་བདེ་སྐྱིད་གཡང་འཛོམས་སེམས་རྩ་འཁོལ་ལ་གཤིས་རྒྱུད་འཇམ་པ་དང་སེམས་པ་བཟང་བས་དགེ་རྒན་གྱི་ལས་རོགས་འཇོན་ཤོས་རེད་ལ་སློབ་གྲོགས་ཚོའི་མིག་དཔེ་བཟང་པོ་ཡང་རེད། དུས་རྒྱུན་སློབ་གྲྭ་དང་འཛིན་གྲྭས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་ཀྱི་ཡོད་པས་དགེ་རྒན་དང་སློབ་ཕྲུག་ཡོངས་ཀྱི་ཁས་ལེན་ཐོབ་ཡོད།

འཚོ་བའི་ཁྲོད་བདེ་སྐྱིད་གཡང་འཛོམས་ནི་མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བ་དང་། བློ་རྒྱ་ཆེ་བ། སེམས་བག་ཡངས་ཤིང་བརྩོན་སེམས་ཆེ་བ་བཅས་ཀྱི་ཕྲུ་གུ་བཟང་པོ་ཞིག་རེད། ཕན་བདེ་ཁང་དུ་འཚོ་བ་སྐྱེལ་བཞིན་ཡོད་པའི་ཁོ་མོས་རང་ཉིད་ལ་རེ་བ་ནན་པོ་བཏོན་ནས་ཉིན་ལྟར་ཁྱིམ་ལ་ལོག་རྗེས། གཅེས་སེམས་ཨ་མར་གད་རྒྱག་རོགས་དང་ཕོར་པ་འཁྲུ་རོགས་བྱེད་པ་སོགས་ནུས་པས་ལྕོགས་ཚོད་ཀྱིས་ཁྱིམ་ལས་བྱེད་ཀྱི་ཡོད།

སློབ་སྦྱོང་ཐད་བདེ་སྐྱིད་གཡང་འཛོམས་ཀྱིས་སྙིང་རུས་ཆེན་པོས་སློབ་སྦྱོང་ནན་ཏན་བྱས་ནས་སློབ་ཁྲིད་གོང་གི་སྔོན་སྦྱོང་རྟག་ཏུ་བྱེད་པ་དང་། སློབ་ཚན་སྐབས་སུ་ནན་ཏན་ངང་ཉན་པ་དང་ལན་ཧུར་ཐག་རྒྱག་པ། སློབ་ཚན་གྲོལ་རྗེས་དུས་ཐོག་ཏུ་བསྐྱར་སྦྱོང་བྱེད་པ་སོགས་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་ཡོད། ཁོ་མོའི་རྒྱ་ཡིག་དང་རྩིས་རིག་གི་སྦྱངས་འབྲས་ཡག་པོ་ཡོད་པ་དང“བཟང་པོ་གསུམ་ལྡན་གྱི་སློབ་མར”ཐེངས་མང་འདེམས་མྱོང་ཡོད།

སློབ་གྲྭའི་ནང་དུ་བདེ་སྐྱིད་གཡང་འཛོམས་ཀྱིས་དགེ་རྒན་ལ་གུས་བཀུར་དང་། སློབ་གྲོགས་ལ་མཐུན་སྒྲིལ་བྱེད་ཀྱི་ཡོད། ལོ་རིམ་དང་པོ་ནས་ད་ལྟའི་བར་ཁོ་མོས་པན་ཀྲང་གི་འགན་ཁུར་ནས་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པ་མ་ཟད། ད་དུང་དགེ་རྒན་ལ་འཛིན་གྲྭ་དོ་དམ་བྱེད་རོགས་ཀྱང་བྱེད་ཀྱི་ཡོད། ལྷག་པར་དུ་འཛིན་གྲྭའི་མཉམ་སྡེབ་དང་ཚོགས་པའི་མཚན་སྙན་ལ་ཁོ་མོས་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། ཁོ་མོ་ནི་དགེ་རྒན་གྱི་ལས་རོགས་འཇོན་ཤོས་དང་སློབ་གྲོགས་ཚོའི“པན་ཀྲང་བཟང་པོ”ཞིག་རེད། སློབ་གྲྭས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་ལ་རྟག་ཏུ་ཧུར་ཐག་ཞུགས་ནས་རང་ཉིད་ཀྱི་ཁྱད་ཆོས་གང་ལེགས་བཏོན་ཏེ་འཛིན་གྲྭའི་མཉམ་སྡེབ་ལ་གཟི་བརྗིད་བརྩོན་ལེན་གང་ཐུབ་བྱེད་ཀྱི་ཡོད། བདེ་སྐྱིད་གཡང་འཛོམས་ཀྱིས་ལག་ལེན་དངོས་ལ་བརྟེན་ནས་དེང་རབས་ཀྱི་སློབ་ཆུང་སློབ་མའི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་བཞིན་ཡོད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博