西藏青年报藏文版ཕྱོགས་བསྡུས། དགེ་རྒན་གྱི་ལས་རོགས་ཡག་ཤོས་དང་སློབ་གྲོགས་ཀྱི་མིག་དཔེ་བཟང་པོ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། 2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་འགྲན་སྐོར་དང་པོའི་འགྲན་བསྡུར་འགོ་ཚུགས་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2002ལོ། ②

★ ཟླ་11ཚེས་8ནས་14ཉིན་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་ཤིང་། ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་སྙན་སྒྲོན《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་གཏོད》ཅེས་པའི་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འབད་འཐབ་དམིགས་ཚད་བཏོན་པ་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་གཞི་རྩའི་བླང་བྱར་གསལ་འགྲེལ་བརྒྱབ་ཡོད། ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》ལ་གྲོས་འཆམ་བྱུང་བ་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་། མར་ཁེ་སི་ལེ་ཉིང་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་མཉམ་དུ་ཏང་གི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་པ་དང་འབྲེལ་ཏང་གི་སྒྲིག་ཡིག་ནང་བཀོད་པ་རེད།

★ ཟླ་11ཚེས་15ཉིན། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཧུའུ་ཅིན་ཐའོ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དང་། ཅང་ཙེ་མིན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ། ཝུའུ་ཀོན་ཀྲེང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་བདམས་པ་རེད།

★ ཟླ་12ཚེས་5དང་6ཉིན་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཁོངས་མིའི་སྣེ་ཁྲིད་དེ་ཤིས་པའེ་ཕོ་རུ་སློབ་སྦྱོང་དང་རྟོག་ཞིབ་གནང་ནས“ངེས་པར་དུ་གཉིས”སྐོར་གྱི་མའོ་ཙེ་ཏུང་གི་རྣམ་བཤད་གལ་ཆེན་བསྐྱར་སྦྱོང་གནང་བ་རེད།

★ ཟླ་12ཚེས་26ཉིན། སྐབས་བཅུ་དྲུག་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་བྱས་ཤིང་། 2007ལོའི་ཟླ་9པའི་བར་ཁྱོན་མཉམ་སྡེབ་སློབ་སྦྱོང་ཐེངས་44བྱས་པ་རེད།

★ ཟླ་12ཚེས་27ཉིན་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ལས་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོ་དང་། ཅང་སུའུ་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན་གྱི་ཨར་སྐྲུན་བྱ་ཡུལ་དུ་དུས་གཅིག་ཏུ་འཚོགས་ཤིང་། 2013ལོའི་ཟླ་11ཚེས་15ཉིན་ལྷོ་ཆུ་བྱང་འདྲེན་ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་ཆུ་དངོས་སུ་ཤར་རྒྱུག་ཐུབ་པ་དང་། 2014ལོའི་ཟླ་12ཚེས་12ཉིན། ལྷོ་ཆུ་བྱང་འདྲེན་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་ཆུ་དངོས་སུ་ཤར་རྒྱུག་ཐུབ་པ་རེད།

རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明