2001ལོ།(2)
★ ཟླ་6ཚེས་29ཉིན། མཚོ་བོད་ལྕགས་ལམ་ལས་འགོ་ཚུགས་པའི་མཛད་སྒོ་མཚོ་སྔོན་གོར་མོ་དང་བོད་ལྗོངས་ལྷ་ས་རུ་དུས་གཅིག་ཏུ་འཚོགས་པ་དང་། 2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད་པ་རེད།
★ ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་80འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ཤིང་། ཅང་ཙེ་མིན་གྱིས་གསུང་བཤད་གནང་བ་དང་ཏང་གི་ལོ་80ཡི་རིང་གི་འབད་འཐབ་ཀྱི་གྲུབ་འབྲས་དང་གཞི་རྩའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ལ་རྒྱས་བཤད་བྱས་ཡོད་པ་རེད།
★ ཟླ9ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གིས《སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལག་བསྟར་རྩ་གནད》བཀྲམ་པ་རེད།
★ ཟླ་9ཚེས་24ནས་26ཉིན་བར། ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་སྟེ་སྤྱོད་ཚུལ་ལེགས་སུ་གཏོང་བར“མཐའ་འཁྱོངས་བརྒྱད་དང་། ངོ་རྒོལ་བརྒྱད”བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
★ ཟླ་10ཚེས་21ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དགུ་པ་ཧྲང་ཧའེ་རུ་འཚོགས་ཤིང་། ཅང་ཙེ་མིན་གྱིས་གསུང་བཤད་གནང་བ་རེད།
★ ཟླ་11ཚེས་10ཉིན། ཁ་ཐར་གྱི་རྒྱལ་ས་ཏེ་ཧ་རུ་འཚོགས་པའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུའི་སྐབས་བཞི་པར་ཁྱོན་ཡོངས་ཀྱི་གྲོས་མོལ་གཅིག་མཐུན་གྱི་བྱ་ཐབས་ནས་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་པའི་གཏན་འབེབས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཀྱང་བྱུང་བ་རེད། ཟླ་12ཚེས་11ཉིན་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིར་དངོས་སུ་གྱུར་པ་དང་ཀྲུང་གོ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་དུས་མཚམས་གསར་པར་སླེབས་ཡོད།