西藏青年报藏文版ཕྱོགས་བསྡུས། སྦྱངས་བརྩོན་ཆེ་ལ་ཡ་རབས་ཀུན་སྤྱོད་བཟང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་ཡངས་སུ་བཏང་བ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། ཚན་རྩལ་སྦྱོང་བའི་བསམ་དོན་གྲུབ་པ།

放大 缩小 默认

ཚན་རྩལ་སྦྱོང་བའི་བསམ་དོན་གྲུབ་པ།

ཉེ་ཆར། ཆིང་ཏའོ་གྲོང་ཁྱེར་ཕྱོགས་བསྡུས་ལག་ལེན་སློབ་གསོ་ལྟེ་གནས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་བསམ་གྲུབ་རྩེ་ཆུས་ཨུད་དང་། ཆུས་སྲིད་གཞུང་གིས་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས་དང་། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ཚོགས་ཆུང་དང་མཉམ་དུ་གཙོ་གཉེར་བྱས་པའི2023ལོའི་བསམ་གྲུབ་རྩེ་ཆུས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཚན་རྩལ་དུས་ཆེན་དེ་གཞིས་རྩེ་གྲོང་ཁྱེར་ཆིང་ཏའོ་སློབ་ཆུང་དུ་བདེ་བླག་ངང་གཉེར་བ་རེད།

ད་རེས་ཀྱི་ཚན་རྩལ་དུས་ཆེན་གཉེར་བའི་དམིགས་ཡུལ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གསར་གཏོད་ཀྱི་འདུ་ཤེས་དང་། ཚན་རིག་གི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་སྦྲགས་ཀུན་སྤྱོད་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། རྒྱལ་སྲུང་སློབ་གསོ་སོགས་ཀྱི་བརྗོད་དོན་གཙོ་བོ་མཉམ་འདྲེས་བྱས་ནས་སློབ་མའི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་བ་དང་ཕུལ་བྱུང་གི་གཤིས་རྒྱུད་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་། འདི་ནི་ཚན་རྩལ་དུས་ཆེན་གྱི་བྱེད་སྒོ་འཚོག་བཞིན་པ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明