2001ལོ།(1)
★ ཟླ་1ཚེས་10ཉིན། ཅང་ཙེ་མིན་གྱིས་རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུར་གསུང་བཤད་གནང་སྐབས། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་དྲིལ་བསྒྲགས་དང་དར་སྤེལ་ཤུགས་ཆེན་གཏོང་དགོས་ལུགས་བསྟན་གནང་བ་དང་། ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱོད་བརྟེན་རྒྱལ་སྐྱོང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
★ ཟླ་2ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ་ཝུའུ་ཝུན་ཅུན་དང་ཡོན་ལུང་ཕིན་ལ་2000ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་སྤྲད་པ་རེད།
★ ཟླ་2ཚེས་27ཉིན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་བཙུགས་པའི་ཚོགས་ཆེན་ཧའེ་ནན་པོ་ཨའོ་རུ་འཚོགས་པ་དང་། 2002ལོའི་ཟླ་4ཚེས་12ནས་13ཉིན་བར་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་དང་པོ་འཚོགས་པ་རེད།
★ ཟླ་5ཚེས་24ནས་25ཉིན་བར། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་དུས་རབས་20པའི་དུས་མཇུག་ཏུ་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ལྟོ་གོས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་པའི་འཐབ་ཇུས་དམིགས་ཚད་སྤྱིར་མངོན་འགྱུར་བྱུང་ཡོད་པ་བསྟན་པ་རེད། ཟླ་6ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད(2001ནས་2010ལོའི་བར)》བཀྲམ་པ་རེད།
★ ཟླ་6ཚེས་15ཉིན། ཀྲུང་གོ་དང་། ཨུ་རུ་སུ། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཐ་ཇིས་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་རྒྱལ་ཁབ་དྲུག་གི་གཙོ་བདག་གིས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པའི་བསྒྲགས་གཏམ》ལ་ཐུན་མོང་ཐོག་མཚན་རྟགས་བཀོད་པ་དང་འབྲེལ་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་གཞི་རྩའི་ནང་དོན་དུ་བྱས་པའི“ཧྲང་ཧའེ་ཡི་སྙིང་སྟོབས”རྩ་འཛུགས་ཀྱི་བསྒྲགས་གཏམ་དུ་བཀོད་ཡོད་པ་རེད།