西藏青年报藏文版ཕྱོགས་བསྡུས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ལ་བརྟེན་ནས་བྱུང་བའི་དེང་རབས་ཅན་ཞིག་ཡིན། 2022ལོའི་ཀྲུང་གོའི་སྙན་ངག་འདུ་འཛོམས་ཆེན་པོར་ཞུགས་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་གི་བསམ་པའི་ཉམས་འགྱུར་ངོམས་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། པར་རིས་གསར་འགྱུར།

放大 缩小 默认

པད་མ་གཡུ་མཚོ།

2022ལོའི་ཀྲུང་གོའི་སྙན་ངག་འདུ་འཛོམས་ཆེན་པོར་ཞུགས་ནས་བོད་ཀྱི་གཞོན་ནུ་ལོ་ཆུང་གི་བསམ་པའི་ཉམས་འགྱུར་ངོམས་པ།

གཞིས་རྩེ་གྲོང་ཁྱེར་སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭ་ལྔ་པའི་སློབ་ཕྲུག་པད་མ་གཡུ་མཚོ་རང་མགོ་རང་ཐོན་ཐུབ་པ་དང་སྦྱངས་འབྲས་ཕུལ་དུ་བྱུང་བས། སྐེ་དར་དམར་པོའི་ལྟ་སྐུལ་བ་དང་། པན་ཀྲང་གཞོན་པ། བོད་སྐད་ཡིག་སློབ་ཚན་གྱི་འཐུས་མི་སོགས་བྱས་པ་མ་ཟད། ད་དུང་སློབ་གྲྭའི“བཟང་པོ་གསུམ་ལྡན་གྱི་སློབ་མ”དང་། “ཕུལ་བྱུང་སློབ་མ”“ཡར་རྒྱས་མངོན་གསལ་དོད་པའི་བྱ་དགའ”“སློབ་ཚན་རྐྱང་བའི་བདམས་རྩེའི་བྱ་དགའ” གཞིས་རྩེ་གྲོང་ཁྱེར་གྱི་སྐབས་དང་པོའི“དུས་རབས་གསར་པའི་ལོ་ཆུང་བཟང་པོ་བརྒྱ”དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2022ལོའི་ཀྲུང་གོའི་སྙན་ངག་འདུ་འཛོམས་ཆེན་པོའི》ཕུལ་བྱུང་བདམས་ཐོན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་སྔ་རྗེས་སུ་ཐོབ་པ་རེད།

པད་མ་གཡུ་མཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་འཛིན་གྲྭའི་མཉམ་སྡེབ་ལ་དགའ་ཞེན་དང་། མཉམ་སྡེབ་བྱེད་སྒོར་རང་འགུལ་ངང་ཞུགས་པ། “སློབ་རའི་ཁོར་ཡུག་སྲུང་སྐྱོང་བ་ཆུང་ཆུང”དང་ཡ་རབས་དཔེ་དམག་ཆུང་ཆུང་སོགས་བྱས་ནས། ལོ་ཆུང་གདོང་ལེན་རུ་མི་ཚོར་མིག་དཔེ་བསྟན་ཡོད། ཁོ་མོར་དགའ་ཕྱོགས་མང་པོ་ཡོད་པས་སློབ་གསེང་གི་ཁོམ་པ་སྤྱད་དེ་བྲོ་གར་དང་། ཆུ་རྐྱལ། གླུ་དབྱངས་བཅས་སྦྱངས་ནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད། ཁོ་མོས་ད་དུང་སྦྱངས་འབྲས་ཞན་པའི་སློབ་གྲོགས་ལ་བསྐྱར་སྦྱོང་བྱེད་རོགས་བྱས་ནས་མཉམ་དུ་ཡར་རྒྱས་ཡོང་བར་བྱས་པ་རེད།

དགེ་རྒན་དང་ཁྱིམ་བདག་གི་གསོ་སྐྱོང་འོག པད་མ་གཡུ་མཚོས་ཀྲུང་ཧྭའི་རིག་གནས་ཏེ་གནའ་བོའི་སྙན་ངག་300ལྷག་ཙམ་ངག་སྐྱོར་ཐུབ་པ་མ་ཟད། ད་དུང་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྣ་ཚོགས་ལ་ཞུགས་ཤིང་། རིམ་པ་རེ་རེ་བཞིན་འདམ་སྒྲུག་བྱས་མཐར་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་བོད་ཀྱི་བདམས་ཐོན་པ་དང་པོའི་མིང་ཐོག་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི“2022ལོའི་ཀྲུང་གོའི་སྙན་ངག་འདུ་འཛོམས་ཆེན་པོའི”གར་སྟེགས་སུ་འཛེགས་ཏེ། བོད་ཀྱི་གཞོན་ནུ་ལོ་ཆུང་ཞིག་གི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་ངོམས་ཡོད།

ལོ་འདི་དག་རིང་། པད་མ་གཡུ་མཚོས་བརྩོན་འགྲུས་གྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ་རང་རྒྱུད་ཀྱི་ཤེས་བྱ་ཡོན་ཏན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཁོ་མོ་ནི་གངས་ལྗོངས་ས་མཐོའི་སྐལ་བཟང་མེ་ཏོག་ཅིག་དང་འདྲ་བར་ས་མཐོའི་གྲང་ངར་ལ་མ་འཛེམས་པར་དཀའ་སྡུག་ཁྱད་དུ་བསད་དེ་ཡར་ཐོན་མདུན་སྐྱོད་བྱེད་ཀྱི་ཡོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明