http://zw.xzqnb.cn/Content/weixinlogo.png
1999ལོ།(2)★ ཟླ་9ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁ
http://zw.xzqnb.cn/m/content/2023-09/08/000244.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

སེམས་རྩ་འཁོལ་བས་ཉེ་འཁོར་སྐྱེ་བོ་ཀུན་ལ་ཤུགས་རྐྱེན་ཐེབས།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

བརྩེ་སེམས་སྦྱིན་ནས་བྱིས་སེམས་དྲོད་པར་བྱེད།

ཡ་རབས་ལྡན་པའི་སྒོ་ནས་འགྲོ་སྐྱོད་བྱེད་པར་རང་ཉིད་ནས་འགོ་བཙུགས་དགོས་པ།

等待处理…

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2023年09月08日

1999ལོ།(2)

★ ཟླ་9ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས“མདེལ་གཉིས་སྐར་གཅིག”ཞིབ་བཟོར་ལེགས་སྐྱེས་མངོན་གསལ་འབུལ་མཁན་ཚན་རྩལ་རིགས་གཅིག་མཁས་ཅན་23ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་དང་སྦྲགས“མདེལ་གཉིས་སྐར་གཅིག”གི་མཛད་རྗེས་གཟེངས་རྟགས་ཀྱང་སྤྲད་པ་རེད། ཉིན་དེར“མདེལ་གཉིས་སྐར་གཅིག”ཞིབ་བཟོའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་རྩལ་རིགས་གཅིག་མཁས་ཅན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཡང་འཚོགས་པ་རེད། ཚོགས་འདུའི་ཐོག་མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པ། མཉམ་ལས་ཤུགས་ཆེན་དང་མཐོ་སར་འཛེགས་ཕོད་པ་བཅས་ཀྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱས་བཤད་མདོར་བསྡུས་བྱས་པ་རེད།

★ ཟླ་9ཚེས་19ནས་22ཉིན་བར། ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་རེད།

★ ཟླ་10ཚེས་1ཉིན། རྒྱལ་སའི་ལས་རིགས་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དེ་བཞིན་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཁྲོམ་སྐོར་བྱེད་སྒོ་གཉེར་ཞིང་། ཅང་ཙེ་མིན་གྱིས་གཟིགས་སྦྲེང་དཔུང་རུར་གཟིགས་ཞིབ་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

★ ཟླ་12ཚེས་19ཉིན་གྱི་མཚན་གུང་ནས་ཚེས་20ཉིན་གྱི་ཐོ་རེངས་སུ་ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཨའོ་མོན་གྱི་སྲིད་དབང་རྩིས་སྤྲོད་ལེན་གྱི་མཛད་སྒོ་དེ་ཨའོ་མོན་དུ་གཉེར་ནས་ཀྲུང་གོ་སྲིད་གཞུང་གིས་ཨའོ་མོན་ལ་བདག་དབང་ལག་བསྟར་སླར་གསོ་བྱས་པ་ཁྱབ་བསྒྲགས་བྱས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཙུགས་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博