http://zw.xzqnb.cn/Content/weixinlogo.png
1998ལོ།(2)★ ཟླ་6ཚེས་26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའ
http://zw.xzqnb.cn/m/content/2023-08/25/000222.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

རྒྱལ་ཡོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”སེམས་ནང་གི་བོད་ཀྱི་གཏམ་རྒྱུད།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པར་མཆན་བཀོད་མཛུབ་སྟོན་གནང་བ།

等待处理…

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2023年08月25日

1998ལོ།(2)

★ ཟླ་6ཚེས་26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་ཁོངས་དཔལ་འབྱོར་ཁུལ་དང་རྒྱ་མཚོར་བརྒྱངས་པའི་ས་སྒྲོམ་སྐོར་གྱི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་རེད།

★ ཟླ་7པར། ཀྲུང་གུང་ཀྲུང་དབྱང་གིས་དམག་དཔུང་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྲིད་ཁྲིམས་ལས་ཁུངས་བཅས་ཀྱིས་ཚོང་གཉེར་བྱེད་སྒོ་སྤེལ་མི་ཆོག་པའི་གཏན་འབེབས་བྱས་པ་རེད།

★ ཟླ་10ཚེས་12ཉིན་ནས་ཚེས་14ཉིན་བར། ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་གྱི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་2010ལོར་སླེབས་སྐབས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་བཏོན་ཡོད།

★ ཟླ་11ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གིས《རྫོང་རིམ་པ་ཡན་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ“སློབ་སྦྱོང་ལ་སྣང་ཆེན་དང་། ཆབ་སྲིད་ལ་སྣང་ཆེན། སྲོལ་བཟང་ལ་སྣང་ཆེན”བཅས་ནང་དོན་གཙོ་བོར་བྱས་པའི་ཏང་གཤིས་ཏང་སྲོལ་གྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཞིང་། 2000ལོའི་ལོ་མཇུག་ཏུ་སླེབས་སྐབས“སྣང་ཆེན་གསུམ”གྱི་སློབ་གསོ་གཞི་རྩའི་ཐོག་མཇུག་འགྲིལ་བ་རེད།

★ དེ་ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ་དང་། 2010ལོའི་ཟླ་11ཚེས་10ཉིན་གཏན་འབེབས་དེར་བཟོ་བཅོས་བརྒྱབ་རྗེས་བསྐྱར་དུ་ཡོངས་བསྒྲགས་བྱས་པ་རེད།

★ ཟླ12ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博