西藏青年报藏文版ཕྱོགས་བསྡུས། རྒྱལ་ཡོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”སེམས་ནང་གི་བོད་ཀྱི་གཏམ་རྒྱུད། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་འགོ་ཚུགས་པར་མཆན་བཀོད་མཛུབ་སྟོན་གནང་བ།

放大 缩小 默认

ཚེ་དབང་བདེ་སྐྱིད།

རྒྱལ་ཡོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”སེམས་ནང་གི་བོད་ཀྱི་གཏམ་རྒྱུད།

“ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན་པས། གསར་བརྗེའི་སྔོན་བྱོན་པའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན་བྱས་ནས། དམར་མདངས་བཀྲ་བའི་སྐེ་དར་དམར་པོ་བྲང་ཁར་ལྷབ་ལྷུབ་ཏུ་གཡོ་བར་བྱེད”ཅེས་པ་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་བཞི་པའི་འཛིན་གྲྭ་5པའི་སློབ་མ་ཚེ་དབང་བདེ་སྐྱིད་ཀྱིས་ཕུལ་བྱུང་གི་གཙོ་སྐྱོང་བ་ཞིག་བྱེད་རྒྱུའི་ཕུགས་འདུན་ཡིན།

ཚེ་དབང་བདེ་སྐྱིད་ཀྱིས་ཐེངས་དང་པོ་གར་སྟེགས་ཐོག་འཛེཌ་ནས་གཙོ་སྐྱོང་བྱེད་སྐབས་བུ་བཅོལ་ཁང་འགྲིམ་དུས་རེད། ལོ་ན་ཕྲ་བའི་ཁོང་གིས་ཐོག་མར་ཚོད་ལྟ་ཙམ་ཞིག་ཏུ་བརྩིས་ཀྱང་དངོས་སུ་གར་སྟེཌ་ཐོག་ལངས་ནས་ལྟད་མོ་བ་ཚོའི་བསྔཌ་བརྗོད་ཐོབ་པ་དང་། རྣ་བར་ཐལ་མོའི་རྡེབ་སྒྲ་གྲགས་སྐབས་ཚེ་དབང་བདེ་སྐྱིད་ལ་གཙོ་སྐྱོང་བ་ཞིག་ཡིན་པའི་སྤྲོ་སྣང་བྱུང་ཡོད།

ཕྱིས་སུ་ཚེ་དབང་བདེ་སྐྱིད་ཀྱིས་རིགས་ཁག་གི་ཆེད་ལས་ཀྱི་གཙོ་སྐྱོང་རྩལ་ནུས་ཧུར་ཐག་སྦྱངས་ནས་གར་སྟེགས་དེ་བས་ཆེ་བ་ཞིག་ཏུ་འཛེགས་ཐུབ་པའི་འདུན་པ་བཅངས།

2019ལོར་ཚེ་དབང་བདེ་སྐྱིད་ཀྱིས་ལྷ་ས་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་རྒྱའི་དཔྱིད་གསར་མཚན་ཚོགས་ཀྱི་གཙོ་སྐྱོང་བ་བྱས། “གར་སྟེགས་ཧ་ཅང་ཆེན་པོ་འདུག ཡིན་ནའང་ང་དངངས་སྐྲག་སྐྱེས་མ་བྱུང”ཞེས་ཚེ་དབང་བདེ་སྐྱིད་ཀྱིས་བཤད། ཐེངས་དེའི་གཙོ་སྐྱོང་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ད་ལྟའང་ཁོང་གིས་སྐབས་དེ་དུས་ཀྱི་མྱོང་ཚོར་ཕྱིར་དྲན་བྱས་ནས་རང་ཉིད་ལ་སྐུལ་མ་གཏོང་བཞིན་ཡོད།

“སློབ་ཚན་ཚོགས་སྐབས་ངས་སློབ་དེབ་ཀྱི་སློབ་ཚན་ཚང་མ་ཡག་པོ་བྱས་ནས་ཀློག་ཤེས་པ་བྱེད་ཀྱི་ཡོད། ངས་སློབ་ཚན་གྲོལ་རྗེས་སློབ་ཚན་གྱི་ནང་དོན་དག་རང་སྦྱོང་བྱེད་ཀྱི་ཡོད”ཅེས་ཚེ་དབང་བདེ་སྐྱིད་ཀྱིས་རང་ཉིད་ཀྱི་སྐད་བརྡ་འཕྲོད་པའི་ནུས་པ་ཆེ་རུ་གཏོང་བའི་ཐབས་ཤེས་ཆུང་ངུའང་མཉམ་སྤྱོད་བྱས། ལོ་ན་ཕྲ་བའི་ཚེ་དབང་བདེ་སྐྱིད་ལ་སྙིང་རུས་ཆེན་པོ་ལྡན་པ་དང་ཕུགས་འདུན་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད།

ད་ཆའི་ཚེ་དབང་བདེ་སྐྱིད་ལ་དེ་སྔ་ལས་ཀྱང་ཉམས་མྱོང་ཆེ་བ་ལྡན་ཞིང་། དུས་རྟག་ཏུ“གཙོ་སྐྱོང་བ་ཆུང་ཆུང”དང“སྐེ་དར་དམར་པོའི་འགྲེལ་བཤད་པ”སོགས་ཀྱི་ཐོབ་ཐང་ཐོག་ནས་ལྗོངས་ཕྱི་ནང་གི་རིག་རྩལ་བྱེད་སྒོ་ཆེ་ཆུང་མང་པོར་ཞུགས་པ་དང་། “བྱིས་པའི་སེམས་ནང་དུས་རབས་གསར་པའི་མེ་ཏོག་བཞད”2023ལོའི་རྒྱལ་ཡོངས་ཀྱི་རང་སྐྱོང་ལྗོངས་ལྔའི“དྲུག་གཅིག”བྱིས་པའི་རིག་རྩལ་མཚན་ཚོགས་དང་། སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ལྷན་དང་རང་སྐྱོང་ལྗོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་གྱི་2023ལོའི“ཏང་གི་ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་བྱས་ནས་རུ་མི་ཡག་པོ་ཞིག་བྱེད་པའི”བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོ་སོགས་ཚང་མར་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད།

བྱེད་སྒོའི་ནང་ཞུགས་རིམ་བཞིན་ཚེ་དབང་བདེ་སྐྱིད་ཀྱིས་ཡིག་འབྲུ་རེ་རེའི་སྒྲ་གདངས་དང་ལུས་ཀྱི་འགུལ་སྟངས་ཚང་མ་ཇུས་འགོད་ཞིབ་ཚགས་བྱེད་པ་མ་ཟད། རྒྱུན་ཆད་མེད་པར་སྦྱོང་བརྡར་བྱེད་ཀྱི་ཡོད། བལྟས་ཚེ་ལས་སླ་མདོག་ཁ་བ་དང་སྦྱོང་བརྡར་ཐེངས་མང་གི་བརྒྱུད་རིམ་ཁྲོད་ཚེ་དབང་བདེ་སྐྱིད་ཀྱིས་རང་ཉིད་ཀྱི་ཕུགས་འདུན་ཕྱོགས་སུ་གོམ་པ་རེ་རེ་བཞིན་བསྐྱོད་པ་དང་ཕུགས་འདུན་དོན་གཉེར་བྱེད་པའི་བརྒྱུད་རིམ་ནང་བརྒྱུད་མྱོང་བའི་བར་ཆད་དང་འཕྲད་པའི་དཀའ་སྡུག་ཀྱང་ཁོང་གི་མི་ཚེའི་ནང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཏུ་གྱུར།

ཕུགས་འདུན་ཆེད་འབད་བརྩོན་བྱེད་པ་དང་དུས་མཚུངས་ཚེ་དབང་བདེ་སྐྱིད་ཀྱིས་ཀྱང་སློབ་སྦྱོང་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མྱོང་མེད།

“སློབ་ཚན་མ་འཚོགས་གོང་སྔོན་སྦྱོང་ནན་ཏན་བྱེད་པ་དང་། སློབ་ཚན་ཚོགས་སྐབས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་ཟིན་བྲིས་ཡག་པོ་རྒྱག་པ། སློབ་ཚན་གྲོལ་རྗེས་སྦྱོང་ཚན་ནན་ཏན་ངང་ལེགས་སྒྲུབ་བྱེད་པ་དང་ཉིན་དེའི་སློབ་སྦྱོང་གི་ནང་དོན་བསྐྱར་སྦྱོང་བྱེད་པ། སློབ་གསེང་གི་དུས་ཚོད་སྤྱད་དེ་རང་འགུལ་ངང་དཔེ་དེབ་ལྟ་ཀློག་བྱེད་པ་སོགས་ཀྱི་གོམས་གཤིས་བཟང་པོ་དེ་དག་ལ་སློབ་གྲོགས་གཞན་གྱིས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་རེད”ཅེས་ཚེ་དབང་བདེ་སྐྱིད་ཀྱི་སྐོར་གླེང་སྐབས་དགེ་རྒན་ལགས་ཀྱིས་སྤོབས་སེམས་ཆེན་པོས་དེ་ལྟར་བརྗོད།

དཀའ་སྤྱད་སྙིང་རུས་དང་སློབ་སྦྱོང་ལ་བརྩོན་པའི་ཚེ་དབང་བདེ་སྐྱིད་ཀྱི་སྦྱངས་འབྲས་སློབ་གྲྭའི་ནང་མདུན་གྲལ་དུ་སླེབས་པ་མ་ཟད། ད་དུང་སློབ་ཚན་གྱི་འཐུས་མི་དང་། འཛིན་གྲྭའི་པན་ཀྲང་། ལོ་རིམ་གྱི་རུ་དཔོན་ཆེན་པོ་བཅས་ཀྱི་འགན་འཁུར་བ་མ་ཟད། ད་དུང“ཕུལ་བྱུང་གི་སློབ་མ”དང“ཕུལ་བྱུང་གི་འཛིན་གྲྭའི་ལས་བྱེད་པ”སོགས་ཀྱང་ཡིན་པ་རེད། ཚེ་དབང་བདེ་སྐྱིད་ཀྱི་སྐོར་གླེང་སྐབས་སློབ་གྲོགས་ཚོའི་སྐད་ཆའི་ནང་ཁོང་ལ་དད་གུས་ཀྱིས་ཁེངས། སློབ་གྲོགས་ཚོའི་སེམས་ནང་ཁོང་ནི་ཐོག་མཐའ་བར་གསུམ་དུ་ཚང་མས་སློབ་སྦྱོང་བྱེད་སའི་མིག་དཔེ་བཟང་པོ་ཞིག་ཡིན་པ་རེད།

“སྤྱང་གྲུང་ལྡན་ཞིང་ཁ་ལ་ཉན་པ་དང་། རྒན་པར་བསྙེན་བཀུར་ཆེ་བ། གཅེས་སེམས་ཆེན་པོ་ཡོད”ཅེས་ནང་མིས་གདེང་འཇོག་དེ་ལྟར་བྱས།

རྒྱུན་ལྡན་གྱི་འཚོ་བའི་དོན་དག་ཆུང་ཙག་ནས་ཚེ་དབང་བདེ་སྐྱིད་ཀྱི་བསྙེན་བཀུར་གྱི་སེམས་པ་ཟབ་མོ་མངོན་གྱི་ཡོད། 2022ལོར་ཚེ་དབང་བདེ་སྐྱིད་ལ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“2022ལོ་འཁོར་གྱི་བསྙེན་བཀུར་བྱེད་མཁན་ཡག་ཤོས་ཀྱི་ལོ་ཆུང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

2023ལོའི་ཟླ་8པར་ཚེ་དབང་བདེ་སྐྱིད་ལ་རྒྱལ་ཡོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད། ཁོང་གི་འཚོ་བར་བཅངས་པའི་དགའ་ཞེན་དང་། སློབ་སྦྱོང་ལ་འབད་བརྩོན་ཆེ་བ། ཕུགས་བསམ་དོན་གཉེར་ལྷོད་མེད་བཅས་ལས“དུས་རབས་གསར་པའི་ལོ་ཆུང་བཟང་པོ”གང་ལེགས་མཚོན་པར་བྱས་ཡོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明