http://zw.xzqnb.cn/Content/weixinlogo.png
སའི་གོ་ལ་ནི་སེམས་ཅན་ཐམས་ཅད་སྐྱེས་ཤིང་གནས་པར་བྱེད་པའི་ཡུལ་ངེས
http://zw.xzqnb.cn/m/content/2023-07/21/000182.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕ་ཡུལ་གྱི་རྣམ་པ་གསར་པ།

༄༅། །བདག་གི་ལུ་གུ་ཆུང་ཆུང་།

༄༅། །གྲོང་ཁྱེར་གྱི་གཙང་སྦྲ་བ།

等待处理…

༄༅། །གྲོང་ཁྱེར་གྱི་གཙང་སྦྲ་བ།

作者 བུ་མོ་ཨ་ནམ།
2023年07月21日

སའི་གོ་ལ་ནི་སེམས་ཅན་ཐམས་ཅད་སྐྱེས་ཤིང་གནས་པར་བྱེད་པའི་ཡུལ་ངེས་ཅན་ཞིག་ཡིན། ལོ་རྒྱུས་ལ་རྒྱུས་ལོན་བྱས་པ་ལྟར་ན་སྐྱེ་འགྲོ་རྣམས་གོ་ལ་འདིའི་སྟེང་འཚོ་བ་བསྐྱལ་ནས་ལོ་ངོ་ཁྲི་སྟོང་མང་པོ་ཕྱིན་ཚར། དེར་བརྟེན་ང་ཚོའི་རྟེན་གཞིར་གྱུར་བའི་སའི་གོ་ལ་འདིར་སྲུང་སྐྱོབ་བྱེད་རྒྱུ་ནི་སྨྲ་ཤེས་དོན་གོ་བའི་སྐྱེ་བོ་ཀུན་གྱི་ཕྲག་སྟེང་དུ་བབས་པའི་གཡོལ་ཐབས་བྲལ་བའི་འགན་འཁྲི་ཡིན།

སྤྱི་ཚོགས་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་འདིར་གལ་ཏེ་ཁོར་ཡུག་གཙང་མ་ཞིག་མེད་ན་སྨྱུ་གུ་རིན་ཐང་ཅན་ཞིག་ཡོད་ཀྱང་བྲི་སའི་ཤོག་བུ་ཡག་པོ་མེད་པ་ལྟར་ང་ཚོའི་འཚོ་བའི་ཕྱོགས་གང་སར་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱི་འདུག སྤྱི་པའི་ཁོར་ཡུག་ཡིད་དུ་འོང་བ་ཞིག་དགོས་ཚེ་གད་པ་ཁོང་ཚོ་ནི་མེད་དུ་མི་རུང་བ་ཞིག་གོ ། ཁོང་ཚོས་དཔྱིད་ཀྱི་ཚ་བ་ཁྱད་བསད་བྱས་ནས་གཞུང་ལམ་དང་སྤྱི་གླིང་གི་གད་སྙིགས་གཙང་མར་ཕྱགས་པ་དང་། དབྱར་ཁའི་དྲག་ཆར་གྱི་ཁྲོད་དུ་རླངས་འཁོར་གྱིས་འཐོར་བའི་ཆུ་སྙིགས་ཀྱིས་རང་གི་གྱོན་གོས་སྦངས་ཤིང་བཙོག་པར་བྱས་ཀྱང་རང་འཁྲིའི་ལས་འགན་ལ་མི་གཡོལ། སྟོན་དུས་ཤིང་ལོ་ཕྱོགས་བཞི་མཚམས་བརྒྱད་ལ་འཐོར་བ་གཙང་མར་ཕྱགས་ཀྱང་སླར་ཡང་ལྷགས་པས་ཁ་འཐོར་དགུ་འཐོར་དུ་བཏང་ནས་ལྷབ་ལྷུབ་ངང་མར་ལྷུངས་བ་དག་ཕྱགས་ཏེ་ང་ཚོར་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་པར་བྱེད། དགུན་ཁ་མི་རྣམས་མེ་ཁ་འབུད་ནས་སྡོད་སྐབས་ཁོང་ཚོས་གད་པའི་གོས་སེར་སྐྱ་དེ་གོན་ནས་གྲང་ཟུག་གི་མདུན་བསུས་ཏེ་གད་སྙིགས་ཕྱགས་པ་དང་སྒྲུག་པའི་ལས་ལ་བྲེལ། དམའ་འབྲིང་སྐབས་ང་རང་ཕྱིར་སྡོད་སློབ་མ་ཡིན་པས་ཞོགས་པ་སྔ་པོ་ནས་སློབ་གྲྭར་འགྲོ་དགོས། ཐེངས་གཅིག་སློབ་མ་སྐྱེལ་མཁན་གྱི་མོ་ཊ་རེ་གཉིས་ཡོད་པ་ལོག་ཚར་རྗེས་ལམ་གློག་ཀྱང་གསལ་པོ་མེད་པས་མུན་པ་ནག་ཅིང་ཁ་ཁུ་ཧ་ཅང་སིམ་པོར་གནས། གློ་བུར་ངའི་རྣ་ལམ་དུ་སག་སག་ཅེས་པའི་སྒྲ་ཞིག་ཐོས་བྱུང་། ངས་མྱུར་དུ་བལྟས་པ་ན་ངའི་མདུན་ཕྱོགས་རྨིད་གཉིས་ཙམ་གྱི་སར་གཙང་སྦྲ་བ་ཞིག་གིས་གད་སྙིགས་གཙང་ཕྱགས་བྱེད་བཞིན་འདུག དེས་ངའི་སེམས་སུ་ཁོང་ཚོའི་ལེགས་སྐྱེས་དང་ཁོང་ཚོའི་ལས་རིགས་ནི་སྤྱིར་བཏང་ཞིག་མིན་པའི་བག་ཆགས་ཟབ་མོ་བཞག་བྱུང་། ཡིན་ནའང་དེང་སང་སྤྱི་ཚོགས་ཐོག་གི་མི་བརྒྱ་ཆ་དགུ་བཅུ་ཡན་གྱིས་ལས་རིགས་ལ་མཐོ་དམན་གྱི་དབྱེ་བ་འབྱེད་པའི་རྣམ་འགྱུར་དེ་རྒྱུན་གཏན་གྱི་འཚོ་བའི་ནང་མངོན་གསལ་དོད་པོ་ཡོད། དེ་ཡང་སྐྱེ་བོ་ཕལ་ཆེ་བས་ཡོང་འབབ་མཐོ་བའི་ལས་རིགས་ལ་གུས་གུས་ཞུམ་ཞུམ་གྱིས་བརྩི་འཇོག་བྱེད་དགོས་སྙམ་པ་དང་། ཡོང་འབབ་དམའ་བའམ་གཙང་སྦྲ་བ། བཟོ་ལས་པ། ཞབས་ཞུའི་ལས་རིགས་པ་སོགས་ཀྱི་མདུན་དུ་རྫིག་ཉམས་བསྟན་དེ་མཐོང་ཆུང་དང་ཟུར་ཟ་བྱེད་བཞིན་ཡོད་ནའང་སྤྱི་ཚོགས་འདིར་ལས་རིགས་བགྲང་གིས་མི་ལང་པ་ཡོད་པ་ལས། འགའ་རེ་མྱུར་ལ་འགའ་རེ་དལ། འགའ་རེ་བརྟན་ལ་འགའ་རེ་ཉེན་ཁ་ཆེ། འགའ་རེས་ཀླད་པའི་ངལ་རྩོལ་དང་འགའ་རེས་ལུས་པོའི་ངལ་རྩོལ་གཙོ་བོར་བྱེད་པ་བཅས་ལས་རིགས་ཁྲི་སྟོང་མང་པོས་བསྒྲུབས་པ་ཞིག་ཡིན་པས་སུས་སུ་ལ་མཐོང་ཆུང་བྱེད་མི་འོས་སོ། །

གང་ལྟར་ལས་རིགས་ཅི་འདྲ་ཞིག་ཡིན་ཡང་སོ་སོའི་ཁྱད་ཆོས་དང་དགེ་མཚན་ཡོད་ལ་སྐྱོན་ཆ་ཡང་ལྡན་སྲིད། སྤྱི་ཚོགས་ཧྲིལ་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་དགོས་ན། ངེས་པར་དུ་ལས་རིགས་ཐམས་ཅད་གཅིག་ལ་གཅིག་རྟེན་དང་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། གཙང་སྦྲ་བ་ལགས། ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་ཁྱེད་ཀྱི་དབྱར་དགུན་སྟོན་དཔྱིད་ཀྱི་གད་ཕྱིས་ནམ་ཡང་ཁ་བྲལ་ཐབས་མེད། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༡)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博