http://zw.xzqnb.cn/Content/weixinlogo.png
མདུན་བསྐྱོད་ཀྱི་གོམ་མཚམས་བཞག་སྟེ་ཕྱི་མིག་ལན་གསུམ་གྱིས་ཚེ། ལོ་
http://zw.xzqnb.cn/m/content/2023-06/23/000133.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མེས་རྒྱལ་། ངས་སྙན་མོའི་གླུ་ཡིས་ཁྱེད་ལ་བསྟོད།

༄༅། །ང་ཡི་དམའ་འབྲིང་འཚོ་བ།

༄༅། །བདེ་སྐྱིད། །

等待处理…

༄༅། །ང་ཡི་དམའ་འབྲིང་འཚོ་བ།

作者 ཀུན་བཟང་བདེ་སྐྱིད།
2023年06月23日

མདུན་བསྐྱོད་ཀྱི་གོམ་མཚམས་བཞག་སྟེ་ཕྱི་མིག་ལན་གསུམ་གྱིས་ཚེ། ལོ་གསུམ་གྱི་སྐྱིད་སྡུག་འདྲེས་མའི་དམའ་འབྲིང་འཚོ་བ་མིག་མདུན་དུ་འཆར་འོངས་ཤིང་། སྔོན་ཆད་ཀྱི་དགའ་སྐྱོ་ཆགས་སྡང་དྲན་པའི་ངོས་སུ་ཕྱི་གསལ་ནང་གསལ་གྱི་མེ་ལོང་ལྟ་བུར་མངོན་གྱིན་གདའ།

བདག་གི་དམའ་འབྲིང་འཚོ་བ་ནི་སློབ་མ་སྤྱི་དང་འདྲ་བར། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་ལ་འབད། ལོ་གསུམ་གྱི་འཚོ་བའི་ཁྲོད་ཧ་ལས་དགོས་པའི་གནས་ཚུལ་གང་ཡང་མ་བྱུང་རུང་། དུས་ཡུན་བགྲང་བྱ་གསུམ་ནི་ངའི་མི་ཚེའི་ནང་ཆེས་རིན་ཐང་བྲལ་བའི་དུས་ཤིག་ཡིན།

གསན་དང་། དཔེ་དེབ་ལག་ཏུ་བཟུང་ནས་ཞོགས་པའི་སྐྱ་རེངས་བསུ་བའི་སློབ་གྲོགས་རྣམས་ཀྱི་དཔེ་ཀློག་གི་དབྱངས་རྟ་ལ་གསན་དང་། རྣ་བར་འཇེབས་པའི་སྐྱོར་སྦྱངས་རེ་རེ་མ་འོངས་ཀྱི་ཕུགས་འདུན་ལ་སྙེགས་པའི་རེ་འབོད་ཡིན།

གཟིགས་དང་། ཡི་གེའི་ནང་གི་འཇིག་རྟེན་མཚར་སྡུག་ཇི་འདྲ་ཡོད་མེད་དབྱེ་ཞིབ་ཀྱི་ལམ་ལ་འཇུག་པའི་དགེ་སློབ་རྣམས་ལ་གཟིགས་དང་། མཛེས་སྡུག་གིས་ཕྱུག་ཅིང་ངོ་མཚར་གྱིས་གཏམས་ཡོད།

སོམས་དང་། རང་ཉིད་ཀྱི་མི་ཚེ་གང་པོའི་ཤེས་བྱ་རྣམས་བུམ་པ་གང་བྱོའི་ཚུལ་དུ་སློབ་མར་སྦྱིན་མཁན་གྱི་དགེ་རྒན། ཡོད་ཚད་མ་ལུས་པར་དང་དུ་ལེན་པའི་སློབ་མ། ཁོ་ཚོས་ཤེས་བྱར་བཅངས་པའི་བརྩེ་བ་ནི་དངོས་པོ་གང་གིས་ཀྱང་འཇལ་ཐབས་བྲལ། མ་གཞི་ང་ཚོས་དེ་སྔོན་སྦྱངས་ཟིན་པ་དང་ད་ལྟ་སྦྱོང་བཞིན་པའི་ནང་དོན་ནི་ཤེས་བྱའི་རྒྱ་མཚོའི་ཀློང་གི་ཆུ་ཐིགས་ཙམ་ཡིན་མོད། སྙིང་རུས་དེས་ཁོ་ནས་ཁྱོད་ལ་སེམས་འགུལ་མི་ཐེབས་ཅི་ལ་སྲིད།

དེས་ན། དམའ་འབྲིང་གི་འཚོ་བ་ནི་ངའི་མི་ཚེའི་ཁྲོད་ཀྱི་ཆ་ཤས་ཤིག་ལས་མིན་ཡང་། ང་ལ་གནང་བའི་ཕན་པ་ནི་ཚེ་གང་ངོ་། །ལོ་གསུམ་དཔྱིད་དུས་ཇི་བཞིན་གསོན་ཤུགས་ལྡན། །དམའ་འབྲིང་བགྲང་བྱ་གསུམ་པོ་འདས་ལ་ཉེ། །ད་ལྟ་འགྱོད་པའི་སྣང་བ་བོར་ནས་ནི། །ས་འོག་ཏུ་གབ་པའི་མྱུ་གུ་ཇི་བཞིན་དུ། །སྙིང་སྟོབས་ཆེན་པོས་འབུར་དུ་ཐོན་མཛོད་དང་། །མཚར་སྡུག་བཀྲ་བའི་འཇིག་རྟེན་ཆེན་པོ་གང་། །མྱུར་དུ་ཁྱོད་ཀྱི་མིག་གི་དགའ་སྟོན་འོང་། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༧)

ཟུར་ཁྲིད་དགེ་རྒན། རྒྱ་ལོད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博