http://zw.xzqnb.cn/Content/weixinlogo.png
ལོ་གཅིག་དུས་བཞི་བསྐྱར་ནས་བསྐྱར་དུ་ཡོང་གི་ཡོད་ན་ཡང་། དེ་སྔོན་ག
http://zw.xzqnb.cn/m/content/2023-06/16/000121.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཨ་མ་ལགས། ང་ལོག་ཡོང་གི་ཡིན།

བོད་ཀྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་ནོར་བུ་གླིང་ཁར་འགོ་ཚུགས་པ།

ཏང་དང་མི་དམངས་ཀྱི་ཡིད་ཆེས་བློ་ལ་བརྟན་པོར་འཆང་བ་དང་དུས་རབས་ཀྱི་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

等待处理…

༄༅། །ཨ་མ་ལགས། ང་ལོག་ཡོང་གི་ཡིན།

作者 ཚེ་དབང་ནོར་བུ།
2023年06月16日

ལོ་གཅིག་དུས་བཞི་བསྐྱར་ནས་བསྐྱར་དུ་ཡོང་གི་ཡོད་ན་ཡང་། དེ་སྔོན་གྱི་དུས་བཞི་གཅིག་པ་གཅིག་རྐྱང་ཞིག་ལ་ནམ་ཡང་ཕྱིར་ལོག་མི་ཐུབ། ད་ལྟའི་ཆར་ང་རང་སྔོན་མ་ལས་གཟུགས་ཆེ་ལ། ཐོས་རྒྱ་ཤེས་རྒྱ་ཆེ་བའི་གཞོན་ནུ་དར་བབས་གཅིག་ཏུ་ལོངས་སོང་། འོན་ཀྱང་ག་དུས་ཁྱིམ་དུ་ལོག་ཀྱང་། ཨ་མ་ལགས་ཀྱི་གདོང་གི་གཉེར་མ་ནི་ཇེ་མང་དུ་འགྲོ་ཞིང་སྐྲ་དཀར་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་གི་འདུག འགྱུར་བ་དེ་འདྲ་མཐོང་སྐབས་ང་ལོངས་པ་ལས་མི་ལོངས་ན་དགའ་བ་འདུག་སྙམ་བྱུང་།

ད་ཆ་ང་རང་ནི་བུང་བ་ཞིག་དང་འདྲ་བར་སྔོན་མ་དང་བསྡུར་ན་དེ་བས་རྒྱ་ཆེ་བའི་པད་མའི་ཚལ་ལ་ཤེས་ཡོན་གྱི་རོ་བཅུད་ལེན་པར་འགྲོ་དགོས་པའི་དབང་གིས་ཁྱེད་དང་མཉམ་དུ་སྡོད་པའི་དུས་ཚོད་ནི་ཕྲན་བུ་ལས་མི་ལྷག་མོད། ངས་ཏན་ཏན་ཤེས་བྱའི་ནོར་བུ་བླངས་ནས་ལོག་ཡོང་ངེས་ཡིན། འཇིག་རྟེན་འདིའི་ཐོག་ལྟོ་གོས་འཚོལ་བའི་འགྲོ་ལམ་ཧ་ཅང་མང་། ང་རང་ཤེས་རབ་ཀྱི་རྒྱ་མཚོའི་གླིང་འདིར་ལྟོ་གོས་འཚོལ་བར་གཏོང་མཁན་ནི་ཨ་མ་ཁྱེད་ཉིད་ལགས། ད་འོ་ན། ལམ་བུ་འདིར་གཞན་དང་མི་འདྲ་བའི་ནོར་བུ་གང་ཞིག་ཡོད་དམ། འགྲོ་གིན་འགྲོ་གིན་ཁྱེད་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བ་འདི་འདྲ། སྤྲོ་སྣང་ལྡན་པའི་ཁྱིམ་ཚང་དང་ཁ་བྲལ་ཏེ་ཕ་མ་སྤུན་མཆེད་མེད་པའི་འཚོ་བ་གྲོགས་སུ་བསྟེན་དགོས་པ་འདི་འདྲ། འདི་ནི་ཁྱེད་ཀྱིས་ང་ངེས་པར་དུ་ལམ་བུ་འདིའི་ཐོག་བསྐྱོད་དུ་བཅུག་པའི་དམིགས་ཡུལ་ཡིན་ནམ། ཨ་ཅང་ཅང་། དེ་འདྲ་རྩ་བ་ནས་ཡིན་མི་སྲིད། དྲན་འཛིན་དུ་ཁྱེད་ཀྱིས་ང་ལ་དྲི་བ་དེའི་ལན་རྩ་བ་ནས་བརྒྱབ་མྱོང་མི་འདུག འོན་ཀྱང་ད་ཆ་ང་རང་གིས་དྲིས་ལན་རྙེད་བྱུང་།

ཨ་མ་ལགས། ཁྱེད་ནི་འཇིག་རྟེན་འདིའི་ཐོག་ང་ལ་འཕྲད་པའི་ཆེས་རླབས་ཆེ་ཤོས་ཀྱི་མི་དེ་ཡིན། ཁྱེད་ཀྱིས་ག་དུས་ཡིན་ཡང་རང་ཉིད་ཀྱི་ལང་ཚོ་བློས་གཏོང་གིས་བུ་ང་ལ་ཟས་གང་ཞིམ་སྟེར། གོས་གང་དྲོ་གཡོགས། ཡིན་ནའང་བསམ་སྤྱོད་བྱིས་པ་ལྟར་གྱི་མི་ངན་ངས་ཁྱེད་རང་ལ་སེམས་ཁྲལ་འབའ་ཞིག་བཟོས། ཨ་མ་ལགས། དགོངས་པ་མ་ཚོམས། བུ་ངས་ངེས་པར་དུ་ཤེས་རིག་གི་བང་མཛོད་རྒྱབ་ཏུ་ཁུར་ནས་ཁྱེད་ཀྱི་གམ་དུ་ལོག་ཡོང་གི་ཡིན། མ་གཞི་ལམ་འདིར་བགྲོད་བདེ་པོ་དེ་ཙམ་མི་འདུག་ཀྱང་ངའི་བསམ་པར་འཇིག་རྟེན་འདིའི་ཐོག་ལམ་འདི་ལས་རིན་ཐང་ཆེ་བ་ཞིག་རྒྱ་མཚོ་དཀྲུགས་ཀྱང་འཕྱུར་མི་སྲིད་ལ་རི་བོ་བསྔོག་ཀྱང་ཐོན་མི་སྲིད། ལམ་བུ་འདིའི་ཐོག་དྲག་ཆར་རླུང་འཚུབ་ཁྲོད་དུ་ངའི་མིག་ལམ་དུ་ཁྱེད་ཀྱི་གདོང་རིས་ལས་གཞན་གང་ཡང་མི་མངོན་པ་ནི་རང་ཉིད་དཀའ་སྡུག་དེ་དག་ལས་རྣམ་པར་རྒྱལ་ཐུབ་པའི་སྒུལ་ཤུགས་ངོ་མ་དེ་ཡིན།

དུས་ཀྱི་གོམ་འགྲོས་དང་བསྟུན་ནས་ཁྱེད་རིམ་བཞིན་རྒས་འགྲོ་དུས། བུ་ང་རང་ད་དུང་གོ་མེད་ཚོར་མེད་ཀྱིས་གཡང་གཟར་གྱི་གྲོག་ཁར་ལུས། ཁྱེད་ལ་མཁོ་བའི་སྲི་ཞུ་མེད་པར་མི་དགོས་པའི་རྡོག་ཁྲེས་སུ་གྱུར། ཨ་མ་ལགས། ང་སྒུག་ཨང་། བུ་ངས་ངེས་པར་དུ་ཤེས་བྱའི་ནོར་བུ་བླངས་ནས་ཁྱེད་ཀྱི་མཚོ་ལས་ཟབ་པའི་བཀའ་དྲིན་དེ་ཆུ་ཐིགས་རེ་རེའི་ངང་ནས་འཇལ་གྱི་ཡིན་ནོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༡)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博