西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཨ་མ་ལགས། ང་ལོག་ཡོང་གི་ཡིན། བོད་ཀྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་ནོར་བུ་གླིང་ཁར་འགོ་ཚུགས་པ། ཏང་དང་མི་དམངས་ཀྱི་ཡིད་ཆེས་བློ་ལ་བརྟན་པོར་འཆང་བ་དང་དུས་རབས་ཀྱི་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

放大 缩小 默认

བོད་ཀྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་ནོར་བུ་གླིང་ཁར་འགོ་ཚུགས་པ།

འདི་ནི་བོད་ཀྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་བྲོ་པས་ཞབས་བྲོ《དུང་ལོ་རས་པ》འཁྲབ་བཞིན་པ།

ཟླ་6ཚེས་10ཉིན་ གྱི་སྔ་དྲོར། བོད་ཀྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”ཚོགས་ར་གཙོ་བོའི་བྱེད་སྒོ་ལྷ་ས་ནོར་བུ་གླིང་ཁར་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་རིང་། “རིག་དངོས་བེད་སྤྱོད་སྲུང་སྐྱོང་དང་། རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་ཆེ་རུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་མ་ལག་ལྡན་པར་སྲུང་སྐྱོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས་རིག་གནས་ཤུལ་བཞག་དྲིལ་བསྒྲགས་དང་བློ་འདྲིའི་བྱེད་སྒོ་སྤེལ་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་བྱས་པ་རེད།

ལོ་ལྟར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མི་དམངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་མཉམ་དུ་སྤྱོད་པ། མངོན་མིན་རིག་གནས་ཤུལ་བཞག་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་མཚམས་ཚིགས་གལ་ཆེན་སླེབས་པ་དང་། འདི་ལོར། རང་ལྗོངས་ཀྱིས་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་བ་ཕུད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་དུས་ཡུན་ཉིན་ལྔའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་བྱེད་སྒོ་སྤེལ་བ་མ་ཟད། “རིག་གནས་བོད་ལྗོངས”ཀྱི་དྲ་ཐོག་ནས་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་། རིག་དངོས་སྲུང་སྐྱོང་བེད་སྤྱོད་ཀྱི་ཆེད་དོན་འགྲེམས་སྟོན་བྱས་པ་དང་། ཕོ་བྲང་པོ་ཏ་ལའི་རིག་གནས་གསར་གཏོད་ཕྱིར་ཚོང་ལས་སྟེགས་སུ་རིག་གནས་ཀྱི་གསར་གཏོད་ཐོན་རྫས་དྲ་ཐོག་ནས་འཚོང་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། ལྗོངས་ཡོངས་སུ་ད་དུང་དྲ་ཐོག་དང་དྲ་ཕྱིར་ཕྱིར་ཚོང་བྱེད་སྒོ་ཐེངས་100ལྷག་ཙམ་སྔ་རྗེས་སུ་དྲིལ་བསྒྲགས་བྱས་ནས་སྤེལ་བ་བཅས་ཀྱི་དམིགས་ཡུལ་ནི་ངོ་མཚར་ཆེ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་བོད་ཀྱི་མི་རིགས་ཀྱི་ཡུལ་སྲོལ་དང་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་དང་། བོད་ཀྱི་མངོན་མིན་རིག་གནས་སྲུང་སྐྱོང་གི་གྲུབ་འབྲས་བསྟན་ནས་སྲུང་སྐྱོང་གྲུབ་འབྲས་དམངས་ཡོངས་ཀྱིས་ལོངས་སྤྱོད་ཐུབ་པར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་པ་རེད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明