http://zw.xzqnb.cn/Content/weixinlogo.png
རབ་མཛེས་འཇོ་སྒེག་གི་བུ་མོ། །མཁའ་དབྱིངས་དཀར་གསལ་གྱི་ཟླ་བ། །ཐོབ
http://zw.xzqnb.cn/m/content/2023-05/26/000088.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བརྗེད་པར་དཀའ་བའི་འདས་དོན་ཞིག །

༄༅། །བརྗེད་པར་དཀའ་བའི་འདས་དོན་ཞིག །

༄༅། །ཟླ་འོད་འོག་ཏུ་ཕ་ཡུལ་དྲན་པ།

༄༅། །བརྩེ་བ།

༄༅། །ང་རང་ནོར་གནག་ལ་དགའ།

等待处理…

༄༅། །བརྩེ་བ།

作者 དབང་ཆེན།
2023年05月26日

རབ་མཛེས་འཇོ་སྒེག་གི་བུ་མོ། །མཁའ་དབྱིངས་དཀར་གསལ་གྱི་ཟླ་བ། །

ཐོབ་པའི་ལས་དབང་ཞིག་མེད་ཀྱང་། །དྲན་པས་འགོག་ཐབས་རང་མི་འདུག།

མི་ལུས་རིན་ཆེན་གྱི་ས་བོན། །སྐྱེས་པའི་མེ་ཏོག་གི་གེ་སར། །

བརྩེ་ལྡན་གཡུ་སྦྲང་གི་ཕྱོགས་ལ། །འཕུལ་བའི་ཆོ་ག་རང་ཨེ་ཡིན། །

མི་ཚོགས་ལང་ལོང་གི་གྲོང་ནས། །མཉམ་དུ་འཛོམས་པ་དེ་དཀའ་མོ། །

ཐར་པའི་གོ་འཕང་གི་གོ་གནས། །མ་ཐོབ་འགྱོད་རྒྱུ་རང་ཅི་ཡོད། །

སྐུ་གཟུགས་ཙ་རི་ཡི་སྨྱུག་མ། །རི་སྨད་ནགས་རོང་ལ་གནས་ཀྱང་། །

མཛེས་ལྡན་སྐྱེས་གཟུགས་ཀྱི་སྙན་གྲགས། །རྣ་བའི་བུ་རམ་ལ་རོལ་སོང་། །

བཞིན་རས་དཀར་གསལ་གྱི་ཟླ་བ། །མཚན་མོའི་མཁའ་དབྱིངས་ལ་གནས་ཀྱང་། །

ཐོབ་འདོད་རང་སེམས་ཀྱི་སྣང་བ། །མུ་མེད་རྒྱ་མཚོ་ལས་ཟབ་པ། །

བཅུ་དྲུག་ལང་ཚོ་ཡི་ཁུ་བྱུག །གཞན་ཕྱོགས་མོན་ཡུལ་ལ་འཕུར་ཡང་། །

བརྩེ་བའི་སྐད་སྙན་གྱི་འགྱུར་ཁུག །མི་འགྱུར་སེམས་དབུས་ལ་གནས་ཡོད། །

བརྩེ་དུང་ཟུར་མིག་གི་མདའ་མོ། །གཞོན་པའི་སྙིང་དབུས་ལ་ཐེབས་ན། །

ཕྱེ་ལེབ་མེ་ལྕེབས་ལ་འགྱུར་ཡང་། །རང་སེམས་འགྱོད་རྒྱུ་རང་ཅི་ཡོད། །

མཉམ་འཛོམས་ལས་དབང་གི་སྐལ་བ། །ཞོགས་པའི་སྐྱ་རེངས་ཀྱི་འོད་ཟེར། །

མུ་མེད་རྒྱ་མཚོ་ཡི་མཐའ་ནས། །ཤར་བའི་སྨོན་ལམ་རང་འདེབས་སོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༥)དབང་ཆེན།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博