西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བརྗེད་པར་དཀའ་བའི་འདས་དོན་ཞིག ། ༄༅། །ཟླ་འོད་འོག་ཏུ་ཕ་ཡུལ་དྲན་པ། ༄༅། །བརྩེ་བ། ༄༅། །ང་རང་ནོར་གནག་ལ་དགའ།

放大 缩小 默认

༄༅། །ང་རང་ནོར་གནག་ལ་དགའ།

□ 作者 གར་བློ་བཟང་རྡོ་རྗེ།

ནོར་གནག་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་བཞི་སྟོང་ནས་ལྔ་སྟོང་བར་ཡོད་པའི་མཚོ་བོད་མཐོ་སྒང་ན་འཚོ་བའི་དམིགས་བསལ་གྱི་སེམས་ཅན་རྩ་ཆེན་ཞིག་ཡིན། གང་ལགས་ཤེ་ན། ས་བབ་མཐོ་ལ་གནམ་གཤིས་གྲང་ངར་ཧ་ཅང་ཆེ་ཞིང་རྩྭ་ཆུ་ཡང་ཡུལ་གཞན་དང་བསྡུར་ན་ཅུང་མི་བཟང་ཞིང་རི་མཐོ་གཡང་གཟར་གྱི་ཁོར་ཡུག་སྐྱོ་པོ་འདི་འདྲའི་ཁྲོད་དུ་འཚོ་གནས་ཐུབ་པའི་སྲོག་ཆགས་དམིགས་བསལ་ཞིག་ཡིན།

སྤྱིར་ནོར་གནག་གི་ལུས་ཕུང་ནི་སྟོབས་ཆེ་ལ་སུག་བཞི་ཐུང་ཞིང་སྦོམ་ལ་སུག་བཞིའི་སྟེང་དུ་རྩིད་པ་རིང་པོ་ཡོད་ཅིང་། མགོ་སྟེང་ན་དགྲ་འགོག་བྱེད་ཀྱི་མཚོན་ཆ་རྭ་ཅོ་རྣོ་པོ་གཉིས་དང་ལྡན་པའི་མགོ་ལུས་འཚམས་པའི་སྲོག་ཆགས་ཡིད་དུ་འོང་བ་ཞིག་ཡིན། འདི་འདྲའི་སྲོག་ཆགས་སྙིང་རྗེ་མོ་ཞིག་མིག་དབང་གི་མདུན་དུ་མྱུལ་འགྲོ་དུས་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་སྲིད། ང་རང་ནོར་གནག་གི་ཕྱིའི་བཟོ་ལྟ་ཁོ་ནར་བརྟེན་ནས་དགའ་བ་མིན། ནོར་གྱི་ལུས་ཕུང་ནི་ནོར་བུ་དགོས་འདོད་ཀུན་འབྱུང་ཞིག་ཡིན། ནོར་གྱི་ལུས་སྟེང་ན་སྙིགས་རོ་གཅིག་ཀྱང་མེད་དེ། ཐ་ན་དེ་ཡིས་བཏང་བའི་ལྕི་བས་ཀྱང་འགྲོ་བ་མི་ལ་ཕན་པ་གཞལ་དུ་མེད་པ་བསྐྲུན་གྱི་ཡོད། མགོ་སྟེང་ན་ཡོད་པའི་རྭ་ཅོ་གཉིས་པོ་སྣ་ཐ་བླུགས་སའི་སྣོད་ལེགས་པོ་ཞིག་བཟོ་བའི་རྒྱུ་ཆ་རྩེ་གྲ་ཡིན་པ་དང་། ནོར་གྱི་རྩིད་པ་ནི་སྦྲ་གུར་འཚེམ་བྱེད་ཀྱི་རྒྱུ་ཆ་རྩེ་གྲ་ཞིག་ཀྱང་ཡིན། ནོར་གྱི་ལུས་སྟེང་ལ་ཕན་པའི་ཆ་ཁོ་ན་ལས་སྙིགས་རོ་གཅིག་ཀྱང་མེད་པ་ནི་རིན་ཐང་གསེར་ལས་ཀྱང་རྩ་ཆེ་བ་ཞིག་མ་ཡིན་ནམ། གནའ་དུས་སུ་ནོར་ནི་འགྲིམ་འགྲུལ་ཡོ་བྱད་གལ་ཆེན་ཞིག་ཡིན། མཚོ་བོད་མཐོ་སྒང་ནི་རི་མཐོ་ཞིང་ས་མི་སྙོམས་པས་འགྲིམ་འགྲུལ་སྐྱེལ་འདྲེན་སྟབས་བདེ་པོ་མེད་པར་བརྟེན་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་པར་ནོར་གྱིས་ནུས་པ་གལ་ཆེན་ཞིག་ཐོན་གྱི་ཡོད། ནོར་ནི་དཀའ་ཚེགས་ཆེ་བའི་རི་གཟར་དུ་ཤར་བསྐྱོད་ཐུབ་པས་འབྲོག་མི་རྣམས་ལ་འགྲིམ་འགྲུལ་སྐྱེལ་འདྲེན་དང་གནས་སྤོ་བར་ནུས་པ་གལ་ཆེན་ཐོན་ཡོད།

ས་མཐོའི་རི་འདབས་ན་གསར་སྐྱེས་ཀྱི་མྱུ་གུ་འབུས་བཞིན་པའི་འབྲོག་ཕྲུག་ང་ཡི་ངོས་ནས་བརྗོད་ན། ནོར་གནག་ནི་རང་ཉིད་ཆུང་དུས་ཀྱི་ལང་ཚོ་ཡི་སྐྱོར་མ་དང་། བདག་ཡིད་ཀྱི་གུར་ཁང་ནང་འོད་དཀར་འབྱིན་མཁན་གྱི་སྒྲོན་མེ་ལྟ་བུ་ཞིག་ཡིན་ལ་ནོར་གནག་གིས་རང་ཉིད་ཀྱི་དུས་ཐུང་གི་ཚེ་གང་ཚང་མ་འགྲོ་བ་མི་ཡི་ཆེད་དུ་འབུལ་བའི་སྙིང་སྟོབས་ལ་བསྟོད་པའི་དབྱར་རྔ་འཛམ་གླིང་ལ་གྲགས་པར་བྱེད་དོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༨)གར་བློ་བཟང་རྡོ་རྗེ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明