http://zw.xzqnb.cn/Content/weixinlogo.png
ལྷ་ས་གྲོང་ཁྱེར་གྱི“ལྟེ་གནས་སྟོབས་ཆེའི”འཐབ་ཇུས་དང“བྱ་སྤྱོད་ཆེ
http://zw.xzqnb.cn/m/content/2023-05/26/000083.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

པེ་ཅིང་དང་བོད་ལྗོངས་ཀྱི་སྨན་པས་མཉམ་དུ་ས་མཐོའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་བྱས་པ།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

ལྷ་ས་གྲོང་ཁྱེར་གྱིས་སྒོར་ཁྲི་80.5རི་བའི་ཁེ་དབང་ལ་བཙན་གནོད་ཀྱི་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་གཅིག་སྡུད་ཐོག་མེད་པར་བཟོས་པ།

མཐའ་མཚམས་སུ་དཔྱ་ཁྲལ་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ།

等待处理…

ལྷ་ས་གྲོང་ཁྱེར་གྱིས་སྒོར་ཁྲི་80.5རི་བའི་ཁེ་དབང་ལ་བཙན་གནོད་ཀྱི་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་གཅིག་སྡུད་ཐོག་མེད་པར་བཟོས་པ།

2023年05月26日

ལྷ་ས་གྲོང་ཁྱེར་གྱི“ལྟེ་གནས་སྟོབས་ཆེའི”འཐབ་ཇུས་དང“བྱ་སྤྱོད་ཆེན་པོ་བདུན”གྱི་འཆར་གཞིར་སྐུལ་འདེད་གནད་སྨིན་གཏོང་བ་དང་། ཁེ་དབང་ལ་བཙན་གནོད་ཀྱི་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ལ་རྡུང་རྡེག་གཏོང་བའི་ལས་དོན་སྤེལ་བ་བརྒྱུད་སྤུས་ཚད་བློས་འགེལ་ཆོག་པ་དང་། སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་བ། འགྲན་རྩོད་ཀྱི་གཏིང་ཤུགས་ཆེ་བ་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་ཆགས་པར་བྱས་ནས་ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། “4•26”འཛམ་གླིང་ཤེས་བྱའི་བདག་དབང་ཉིན་མོར་ལྷ་ས་གྲོང་ཁྱེར་གྱིས་2023ལོའི་ཁེ་དབང་ལ་བཙན་གནོད་ཀྱི་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་གཅིག་སྡུད་ཐོག་ཡོངས་བསྒྲགས་ངང་མེད་པ་བཟོ་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཉེ་དུས་རྩད་ཆོད་པའི་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བོད་རང་སྐྱོང་ལྗོངས་ཉེན་ཆེའི་ཟོག་རོ་ཐག་གཅོད་ལྟེ་གནས་སུ་གཅིག་སྡུད་ཐོག་དབོར་ནས་གནོད་མེད་ངང་མེད་པར་བཟོས་པ་རེད། ས་གནས་ས་ཐོག་ཏུ་བསྡོམས་སྒོར་ཁྲི་80.5རི་བའི་བཟའ་བཅའ་དང་། ལག་ཐོགས་ཁ་པར། ཨ་རག་དཀར་པོ། མེ་ཟོན་ཡོ་བྱད། དུས་ཚོད་ཡོལ་བའི་ཞིང་སྨན། དཔེ་དེབ་དང་འོད་སྡེར་རྫུན་མ་སོགས་ཚོང་ཟོག་རིགས་29མེད་པར་བཟོས་པ་རེད། ད་ཐེངས་ཡོངས་བསྒྲགས་ངང་མེད་པ་བཟོས་པ་དེས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལྷ་ས་གྲོང་ཁྱེར་གྱིས་ཁེ་དབང་ལ་བཙན་གནོད་ཀྱི་རྫུན་ལྷད་ཞན་གསུམ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུའི་ཆོད་སེམས་བསྟན་པ་མ་ཟད། རྒྱལ་ཡོངས་སུ་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་ཞིག་འཛུགས་རྒྱུར་ལྷ་སའི་ནུས་པ་བཏོན་ཡོད།

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་དྲངས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博