1989ལོ།(2)
★ ཟླ་9ཚེས་4ཉིན། ཏེང་ཞའོ་ཕིང་གིས་རྒྱལ་སྤྱིའི་དུས་བབ་ཀྱི་འཕོ་འགྱུར་ཆེན་པོར་དམིགས་ནས་བབ་བརླིང་ལྟ་ཞིབ་དང་། འཚབ་འཚུབ་མེད་པ། དོ་ནན་གྱིས་ཁ་གཏད་གཅོག་པ་བཅས་ཀྱི་ཕྱི་ཕྱོགས་ལས་དོན་གྱི་མཛུབ་ཁྲིད་བྱེད་ཕྱོགས་བཏོན་གནང་བ་རེད།
★ ཟླ་9ཚེས་29ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ་དང་ཅང་ཙེ་མིན་གྱིས་གསུང་བཤད་གནང་བ་རེད།
★ ཟླ་11ཚེས་6ནས་9ཉིན་བར། ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག《སྔར་བས་བཅོས་སྐྱོང་ལེགས་སྒྲིག་དང་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་དང་། ཏེང་ཞའོ་ཕིང་གི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིའི་གོ་གནས་དགོངས་ཞུའི་རེ་འདུན་ལ་མོས་མཐུན་བྱས་པ། ཅང་ཙེ་མིན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་གཏན་འཁེལ་བྱས་པ་རེད།
★ ཟླ་12ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཏང་གིས་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
★ ཟླ་12ཚེས་26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་རེད།
★ ཟླ་12ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
★ ཟླ་7ཚེས་27དང་28ཉིན་དང་། ཟླ་8ཚེས་28ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། 《ཉེ་དུས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་འགའ་སྒྲུབ་རྒྱུའི་སྐོར་གྱི་གཏན་འབེབས》དང《དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》 《ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཅས་ལ་གྲོས་འཆམ་བྱུང་བ་རེད།
རྩོམ་གྱི་ཡོང་ཁུངས་ཤིན་ཧྭ་གསར་འགྱུར་ཁང་།