http://zw.xzqnb.cn/Content/weixinlogo.png
འདི་ནི་ཟླ་5ཚེས་12ཉིན་ལོ་ཆུང་གདོང་ལེན་རུ་མིས་བོད་ལྗོངས་རང་བྱུང་
http://zw.xzqnb.cn/m/content/2023-05/19/000052.html
《汉文版》 《藏文版》

第03版:ཕྱོགས་བསྡུས།

“གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཕ་ཡུལ་གྱི་འགྱུར་ལྡོག་ཉམས་སུ་མྱོང”ཞེས་པའི་སྐེ་དར་དམར་པོའི་འཚོལ་ཞིབ་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

སྦྱོང་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་སྒུལ་ཤུགས་ཆེན་པོ་འཕེལ་བར་བྱེད་པ།

等待处理…

“གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཕ་ཡུལ་གྱི་འགྱུར་ལྡོག་ཉམས་སུ་མྱོང”ཞེས་པའི་སྐེ་དར་དམར་པོའི་འཚོལ་ཞིབ་བྱེད་སྒོ་སྤེལ་འགོ་ཚུགས་པ།

2023年05月19日

འདི་ནི་ཟླ་5ཚེས་12ཉིན་ལོ་ཆུང་གདོང་ལེན་རུ་མིས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་ཁང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་སྒོར་ཞུགས་བཞིན་པ།

ཟླ་5ཚེས་12ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། ལྗོངས་སློབ་གསོ་ཐིང་། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ལྷན་བཅས་ཀྱིས་གཙོ་གཉེར་བྱས་པའི“གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཕ་ཡུལ་གྱི་འགྱུར་ལྡོག་ཉམས་སུ་མྱོང”ཞེས་པའི་སྐེ་དར་དམར་པོའི་འཚོལ་ཞིབ་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ལ་ཁྱབ་པ་དང་དེའི་དམིགས་ཡུལ་ནི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་ཚོ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་མིག་དཔེ་འཚོལ་ཞིབ་སོགས་ཀྱི་བྱེད་སྒོར་ཞུགས་ནས་ལག་ལེན་དང་ཉམས་ལེན་བྱེད་རིང་མེས་རྒྱལ་དང་ཕ་ཡུལ་གྱི་འགྱུར་ལྡོག་ཆེན་པོ་མྱོང་ཚོར་དང་། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་མྱོང་ཚོར། ཆུང་དུས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྐུལ་སློང་བྱ་ཆེད་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྐེ་དར་དམར་པོའི་འཚོལ་ཞིབ་བྱེད་སྒོ་ཁག་དང་པོས་ཁོངས་གཏོགས་ཁུལ་གྱི་ཐག་རིང་ལུང་ཁུག་གི་སློབ་གྲྭ་7སྐུལ་སློང་བྱས་ནས་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་མི་780བདམས་ཏེ་ཞིབ་སྦྱོང་ལག་ལེན་ལ་ཞུགས་ནས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་། དེ་བཞིན་ཐན་ཀོན་སན་གྱི་དྲན་གསོ་ཁང་། ལྷ་ས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་ཞིབ་སྦྱོང་ལག་ལེན་བྱེད་སྒོ་སྤེལ་བ་དང་ཆབས་ཅིག་ལོ་ཆུང་གདོང་ལེན་རུ་མི་སྒྲིག་འཛུགས་བྱས་ནས“རྒྱལ་ཁབ་ཆེན་པོའི་བཟོ་བོ”དང“ལྔ་བཞི་གཞོན་ནུའི་གཟེངས་རྟགས་ཐོབ་མཁན”སོགས་ཉེ་འགྲམ་གྱི་གཞོན་ནུའི་མིག་དཔེ་འཚོལ་ཞིབ་བྱས་ནས་ལོ་ཆུང་དང་བྱིས་པ་ཚོས་ཆུང་དུས་ནས་གདོང་ལེན་ལ་སློབ་སྦྱོང་དང་ནར་སོན་རྗེས་གདོང་ལེན་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་ཡིན་པ་རེད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博