http://zw.xzqnb.cn/Content/weixinlogo.png
འདི་ནི་ཀྲུང་གོ་ཚན་རྩལ་ཁང་གི་ནུས་རྒྱུ་ཚོམས་ཆེན་དུ་ཕྲུ་གུ་ཚོས་
http://zw.xzqnb.cn/m/content/2023-05/12/000071.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་ཀྱིས“ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་འགུགས་ཐབས”ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གཅིག་ཏུ་བསྒྲིལ་བ།

ཕུགས་འདུན་དོན་གཉེར་གྱི་ས་བོན་བཏབ་པ།

等待处理…

ཕུགས་འདུན་དོན་གཉེར་གྱི་ས་བོན་བཏབ་པ།

རང་ལྗོངས་ཀྱི་ལོ་ཆུང་བྱིས་པ་པེ་ཅིང་དུ་ཞིབ་སློབ་སྤེལ་རེས་བྱེད་པར་སྐྱོད་པ།

2023年05月12日

འདི་ནི་ཀྲུང་གོ་ཚན་རྩལ་ཁང་གི་ནུས་རྒྱུ་ཚོམས་ཆེན་དུ་ཕྲུ་གུ་ཚོས་ནུས་རྒྱུའི་གློག་གཏོང་ཤེས་བྱ་སྦྱོང་བཞིན་པ།

བོད་ཀྱི་བྱིས་པ་ཚོས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱ་ཆེད། ཉིན་ཤས་གོང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་གི་ཆབ་སྲིད་ལས་དོན་པུའུ་དང་ཀྲུང་གོ་བྱིས་པའི་ལྟེ་གནས་དང་མཉམ་དུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལོ་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས”ཞེས་པའི་བོད་ཀྱི་བྱིས་པ་པེ་ཅིང་དུ་ཞིབ་སློབ་སྤེལ་རེས་བྱེད་པར་སྐྱོད་པའི་བྱེད་སྒོ་སྤེལ་བ་རེད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ལྟེ་བའི་སློབ་ཆུང་དང་། གདོང་དཀར་ཤང་ལྟེ་བའི་སློབ་ཆུང་། རིན་སྤུངས་རྫོང་རིན་སྤུངས་ཤང་ལྟེ་བའི་སློབ་ཆུང་བཅས་ཀྱི་སློབ་མ་22དུས་ཡུན་ཉིན་9ཡི་ཞིབ་སློབ་སྤེལ་རེས་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོའི་ས་ཚིགས་དང་པོར་སློབ་མ་ཚོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྐྱོད་དེ་རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་པ་རེད། ཕྲུ་གུ་ཚོས་གུས་བཀུར་ཆེན་པོ་དང་སྐད་གསང་མཐོན་པོས་རྒྱལ་གླུ་མཉམ་དུ་བླངས་པ་དང་ཆབས་ཅིག་རྒྱལ་དར་ལ་ཕྱོགས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཀྱང་ཞུས་པ་རེད།

རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཕྲུ་གུ་ཚོས་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་མཇལ་བ་དང་། ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་པ་རེད། གོང་མའི་ཕོ་བྲང་དང་དབྱི་ཧོ་སྐྱེད་ཚལ་དུ་ལྟ་སྐོར་བྱས་རྗེས་ཀྲུང་གོ་ཚན་རྩལ་ཁང་དང་། པེ་ཅིང་གནམ་དཔྱད་ཁང་། པེ་ཅིང་རྒྱ་མཚོ་ཁང་སོགས་སུ་མྱོང་རོལ་བྱེད་པར་བསྐྱོད་པ་རེད།

ད་ཐེངས་ཀྱི་ཞིབ་སློབ་སྤེལ་རེས་ལས་ཕྲུ་གུ་ཚོར་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། རིན་སྤུངས་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་ཡེ་ཤེས་ཆོས་གྲགས་ཀྱིས“ད་ཐེངས་ཀྱི་བྱེད་སྒོ་ལས་དཔེ་དེབ་ནང་ནས་སྦྱོང་མི་ཐུབ་པའི་ཤེས་བྱ་མང་པོ་ཤེས་བྱུང་ལ་གྲོགས་པོ་གསར་པའང་མང་པོ་ངོ་ཤེས་བྱུང་། བརྗིད་ཉམས་ལྡན་པའི་གོང་མའི་ཕོ་བྲང་མཐོང་བྱུང་ལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་སྔོན་ཐོན་ཚན་རྩལ་ཡང་ཉམས་ལེན་ཐུབ་བྱུང་། རང་ཉིད་ཀྲུང་གོ་བ་ཞིག་ཡིན་པར་སེམས་གཏིང་ནས་སྤོབས་པ་སྐྱེ་ཡི་འདུག”ཅེས་བཤད།

སློབ་མ་ཚོས། ད་ཐེངས་ཀྱི་ཞིབ་སློབ་སྤེལ་རེས་བྱེད་སྒོར་ཞུགས་པའི་མཐོང་ཐོས་མྱོང་གསུམ་དག་ནང་མི་དང་སློབ་གྲོགས་ལ་མཉམ་སྤྱོད་བྱས་ཏེ་ཉེ་འགྲམ་གྱི་མི་དེ་བས་མང་བ་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་དང་། ཤེས་དཔལ་དར་སྲོལ་གྱི་དར་སྤེལ་བ། ཕུགས་འདུན་དོན་གཉེར་བྱེད་ཕོད་མཁན་གྱི་འབད་འཐབ་པ་བཅས་བྱ་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博