http://zw.xzqnb.cn/Content/weixinlogo.png
འདི་ལོ་ཚུན་དུ། བོད་ཀྱིས་ཞབས་ཞུ་དང་མཉམ་འདྲེས་ཀྱི་རྣམ་པ་གསར་པའི
http://zw.xzqnb.cn/m/content/2023-05/12/000070.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

བོད་ཀྱིས“ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་འགུགས་ཐབས”ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གཅིག་ཏུ་བསྒྲིལ་བ།

ཕུགས་འདུན་དོན་གཉེར་གྱི་ས་བོན་བཏབ་པ།

等待处理…

བོད་ཀྱིས“ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་འགུགས་ཐབས”ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གཅིག་ཏུ་བསྒྲིལ་བ།

2023年05月12日

འདི་ལོ་ཚུན་དུ། བོད་ཀྱིས་ཞབས་ཞུ་དང་མཉམ་འདྲེས་ཀྱི་རྣམ་པ་གསར་པའི་འཕེལ་རྒྱས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས“ཚོང་འགུགས་མ་འདྲེན”དང“ཤེས་ལྡན་པ་འགུགས་ཐབས”ཀྱི་མཉམ་སྒུལ་བྱ་ཐབས་མཐའ་འཁྱོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ཧུར་ཐག་བཏོད་ཡོད་པ་རེད།

བོད་ཀྱིས་ཚོང་འགུགས་མ་འདྲེན་དེ་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་ནང་གི་འགངས་ཆེ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“འདུ་འགོད་ཨང་དང་པོར”བརྩིས་ནས་དམ་འཛིན་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500ཡན་དམིགས་སར་འབྱོར་བའི་བརྩོན་ལེན་བྱས་ཡོད། ཟླ་4པའི་ཟླ་འགོར། བོད་ཀྱིས་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྟོབས་ནུས་པ་འདོན་སྤེལ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་པ་དང་གསར་གཏོད་བྱེད་ཕོད་པ་བྱས་ནས། ཚོང་གང་ཞིག་འགུགས་པ་དང་། གང་ལ་བརྟེན་ནས་ཚོང་འགུགས་པ། ཐབས་ཤེས་གང་ཞིག་སྤྱད་ནས་ཚོང་འགུགས་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། རང་འགུལ་ངང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་དམ་འཛིན་ཧུར་ཐག་བྱེད་པ། ཚོང་འགུགས་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པ། ཐོན་སྐྱེད་ནུས་ཤུགས་ལ་འགྱུར་བ། ནུས་ལྡན་གྱི་མ་འཇོག་ལ་བརྟེན་ནས་མཁོ་སྤྲོད་ཀྱི་ཕན་འབྲས་མངོན་པ། ནུས་ལྡན་གྱི་དགོས་མཁོ་སྐོང་འཐེན། དཔལ་འབྱོར་གྱི་འཕར་ཚད་ཆགས་པ་བཅས་བྱས་ནས། དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ཡོད་པ་དང་མ་འོངས་པར་གཏིང་ཤུགས་ལྡན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

འདི་ལོ་ཚུན་དུ། བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཙོ་གནད་ཐོན་ལས་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། རང་འགུལ་ངང་ཐོན་ལས་ངོ་སྤྲོད་ཚོགས་འདུ་འཚོགས་པ་དང་ཚོགས་པ་སྒྲིག་འཛུགས་ཀྱིས་ལྗོངས་ཕྱིའི་ངོ་སྤྲོད་བྱེད་སྒོར་ཞུགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན་སོགས་ས་ཆར་ཚོང་འགུགས་མ་འདྲེན་དང་ངོ་སྤྲོད་གྲོས་མོལ་ལས་དོན་སྤེལ་བར་བསྐྱོད་ནས་ཚོང་འགུགས་མ་འདྲེན་གྱི་ཚ་རླབས་འཕྱུར་བ་རེད།

ཚོང་འགུགས་མ་འདྲེན་བྱེད་པ་དང་ཆབས་ཅིག ད་དུང་བོད་ཀྱིས་ཤེས་ལྡན་པ་འགུགས་ཐབས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། མཐོ་རིམ་ཤེས་ལྡན་པ་ནང་འདྲེན་ཤུགས་ཆེན་བྱས་ཏེ་ཤེས་ལྡན་མི་སྣའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ཤེས་ལྡན་མི་སྣ་བསྡུ་འཛོམས་བྱེད་མགྱོགས་སུ་བཏང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས། བོད་ཀྱིས་ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་གནས་བབ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་ཤེས་ལྡན་མི་སྣའི་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་བྱས་ཡོད། “གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ཉར་བ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་གསར་གཏོད་ལག་བསྟར་བྱས་ནས《དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》བཟོས་ཏེ“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་སོགས་ཞིབ་ཕྲའི་བྱ་ཐབས་ཁག་19བཏོན་ནས་ཤེས་ལྡན་མི་སྣ་གཅིག་མཇུག་གཉིས་མཐུད་ངང་ཐོན་རྒྱུར་ཕན་པའི་སྒྲིག་སྲོལ་ལམ་སྲོལ་ནུས་ཤུགས་ཡོད་རྒུས་བཙུགས་ཡོད་ཅེས་གསུངས་པ་རེད།

ཟླ་4པར་བོད་ཀྱིས་པེ་ཅིང་དང་ཧྲང་ཧའེ་རུ“ཤེས་ལྡན་མི་སྣ་གཅིག་ཏུ་འཛོམས•ས་མཐོར་ཕུགས་བསམ་ཆེན་པོ་འཆང”ཞེས་པའི་ཤེས་ལྡན་པ་འགུགས་ཐབས་ཀྱི་སྲིད་ཇུས་ངོ་སྤྲོད་བྱེད་སྒོ་སྤེལ་ནས་ཤེས་ལྡན་པ་དང་འགུགས་ཐབས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། ས་མཐོའི་སྐྱེ་ཁམས་དང་། ས་གཤིས། གསོ་རིག ཞིང་འབྲོག མཐོ་གསར་གྲངས་འཛིན། ནུས་རྒྱུ་གཙང་མ། སློབ་གསོ་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཐོན་ལས་ལ་དམིགས་ཏེ་ཤེས་ལྡན་པ་ནང་འདྲེན་དང་ལག་རྩལ་མཉམ་ལས་ཀྱི་དགོས་མཁོ་ངོ་སྤྲོད་བྱས་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཤེས་ལྡན་མི་སྣའི་ལས་དོན་ཁྲུའི་ཁྲུའུ་ཀྲང་ཝང་པིང་གིས། ད་དུང་གོམ་སྟབས་རྗེས་མར་བོད་ཀྱིས་ཧྲེན་ཀྲེན་དང་ཁྲེང་ཏུའུ་སོགས་ས་ཆར་ཤེས་ལྡན་པ་འགུགས་ཐབས་ཀྱི་སྲིད་ཇུས་ངོ་སྤྲོད་བྱེད་སྒོ་སྤེལ་རྒྱུ་དང་འབྲེལ། ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་དངོས་ཡོད་དགོས་མཁོར་གཞིགས་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་ལག་རྩལ་མཉམ་ལས(ཁས་ལེན་གཙོ་འགན)ཀྱི་དགོས་མཁོ་སྐབས་བསྟུན་ཡོངས་བསྒྲགས་བྱས་ནས། ལྗོངས་ཕྱི་ནང་གི་ཤེས་ལྡན་མི་སྣའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

བསོད་ནམས་དཔའ་མོས་བསྒྱུར།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博