http://zw.xzqnb.cn/Content/weixinlogo.png
ཟླ་5ཚེས་3ཉིན་གྱི་ཕྱི་དྲོར་བོད་ལྗོངས་སློབ་ཆེན་གྱི་2023ལོའི་ལོ་འཁ
http://zw.xzqnb.cn/m/content/2023-05/05/000060.html
《汉文版》 《藏文版》

第02版:གལ་ཆེའི་གསར་འགྱུར།

སྐབས་བཅུ་དགུ་པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཏན་འབེབས།

བོད་ལྗོངས་སློབ་ཆེན་གྱིས་2023ལོའི་ལོ་འཁོར་གྱི“ལྔ་བཞིའི”གཟེངས་བསྟོད་ཚོགས་ཆེན་འཚོཌ་པ།

བོད་སྡོད་དཔུང་སྡེ་ཞིག་གིས་དུས་མཚམས་རང་བཞིན་གྱི་དམག་དོན་སྦྱོང་བརྡར་ལ་དཔྱད་ཞིབ་བྱས་པ།

等待处理…

བོད་ལྗོངས་སློབ་ཆེན་གྱིས་2023ལོའི་ལོ་འཁོར་གྱི“ལྔ་བཞིའི”གཟེངས་བསྟོད་ཚོགས་ཆེན་འཚོཌ་པ།

2023年05月05日

ཟླ་5ཚེས་3ཉིན་གྱི་ཕྱི་དྲོར་བོད་ལྗོངས་སློབ་ཆེན་གྱི་2023ལོའི་ལོ་འཁོར་གྱི“ལྔ་བཞིའི”གཟེངས་བསྟོད་ཚོགས་ཆེན་རྔ་ཆེན་སློབ་ཁུལ་གྱི་རིག་གཞུང་སྙན་ཞུའི་ཚོམས་ཆེན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་2022ལོར་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་ཕུལ་བྱུང་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། གུང་གཞོན་ཚོགས་མི་གསར་པ་སྡེ་ཚོགས་ནང་ཞུགས་པའི་དམ་བཅའ་བཞག་པ། ཕུལ་བྱུང་ན་གཞོན་དགེ་རྒན་གྱི་འཐུས་མི་དང་ཕུལ་བྱུང་སློབ་མའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་བོད་ལྗོངས་སློབ་ཆེན་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་དང་རིག་ཚན་འཛུགས་སྐྱོང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་སློབ་གྲྭར་བདམས་པ་དང་། བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཀྱི་ཨུ་ལྷན་རྒྱལ་ཡོངས་ཀྱི་ལྔ་བཞིའི་དར་དམར་གུང་གཞོན་སྡེ་ཚོགས་ཀྱི་ཨུ་ལྷན་དུ་བདམས་པ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་པུའི་གཙོ་གནད་ཚོད་ལྟ་ཁང་གི་ཆོག་མཆན་ཐོབ་པ། རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་འཛུགས་སྐྱོང་ས་ཚིགས་རྩེ་གྲ་13གསར་དུ་བསྣན་པར་ཚན་ཞིབ་འགྲོ་གྲོན་སྒོར་དུང་ཕྱུར་1.4ཟིན་ནས་ལོ་འཁོར་གྱི་ལྡབ་འཕར་བྱུང་བ། རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་གི་ཚན་ཞིབ་གྲུབ་འབྲས་ལ་ལོ་རྒྱུས་ཀྱི་གྲུབ་འབྲས་བཟང་ཤོས་ཐོབ་པ། སྐྱེ་ཁམས་རིག་པའི་རིག་ཚན་རྩེ་གྲ་གཏོད་པར་ཕྱོགས་མང་པོའི་ཐད་ཚད་བརྒལ་བྱུང་ཡོད།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博