ཉེ་ཆར་བོད་སྡོད་དཔུང་སྡེ་ཞིག་གིས་དུས་མཚམས་རང་བཞིན་གྱི་དམག་དོན་སྦྱོང་བརྡར་ལ་དཔྱད་ཞིབ་བྱས་པ་དང་། ཚོད་རྒྱུགས་བླངས་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ལ་བརྟེན་ནས་གོམ་སྟབས་རྗེས་མའི་དམག་དོན་སྦྱོང་བརྡར་ལ་རྨང་གཞི་ཡག་པོ་བཏིང་ཡོད། བཀོད་འདོམས་པས“མེ་མདའ་རྒྱག་འགོ་ཚུགས”ཞེས་བཀའ་ཕབ་མ་ཐག་ཚ་ཚ་འུར་འུར་གྱི་དམག་དོན་སྦྱོང་བརྡར་ལ་དཔྱད་ཞིབ་བྱེད་འགོ་ཚུགས་པ་རེད། འདི་ནི་དཔོན་དམག་ཚོར་དཔྱད་ཞིབ་བྱེད་བཞིན་པའི་རྣམ་པ་ཡིན་པ།