http://zw.xzqnb.cn/Content/weixinlogo.png
༄༅། །དུས་ཚོད་ནི་ཆུ་རྒྱུན་དང་འདྲ་བར་འཁྱུག་ཙམ་ཞིག་ལ་མཐོ་གཉིས་ལ་
http://zw.xzqnb.cn/m/content/2023-04/14/000023.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕུགས་བསམ་གྱི་བསླུ་བྲིད། །

༄༅། །དཔེ་ཀློག་མྱོང་ཚོར་རགས་ཙམ་གླེང་བ། །

བོད་ཀྱི་ནུས་རྒྱུ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་བཏང་བ།

等待处理…

༄༅། །དཔེ་ཀློག་མྱོང་ཚོར་རགས་ཙམ་གླེང་བ། །

作者 འཇམ་དབྱངས་སྒྲོལ་དཀར།
2023年04月14日

༄༅། །དུས་ཚོད་ནི་ཆུ་རྒྱུན་དང་འདྲ་བར་འཁྱུག་ཙམ་ཞིག་ལ་མཐོ་གཉིས་ལ་སླེབས་ཟིན། སྣང་བར་རང་ཉིད་ད་དུང་མཐོ་གཅིག་ཡིན་པའི་ཚོར་བ་དྲག་པོ་མཆིས། སྐབས་སྐབས་ལ་དུས་ཚོད་ནི་སེམས་ཀྱི་འགུལ་སྐྱོད་འདྲ་ལ་སྐབས་སྐབས་སེམས་དང་ཐ་དད་དུ་གནས་པ་ནི་ཇི་འདྲའི་ཡ་མཚན་ཞིག་ཡིན་ཡང་མི་ཚེ་ཞེས་པ་འདི་འདས་དུས་ལ་ཕྱིར་རྟོག་གིས་ཕངས་སེམས་ཤིག་དང་ད་ལྟ་བ་ལ་གཅེས་སྤྲས་ཀྱི་དོ་ནན། དེ་བཞིན་མ་འོངས་ལ་དམིགས་པའི་འཆར་གཞི་དང་རེ་སྨོན་ཞིག གང་ལྟར་སྐད་ཅིག་ཉིད་ལ་རྫོགས་པར་འགྱུར་བའི་མི་ཚེ་ལ་སྐད་ཅིག་གིས་བརྩེགས་པའི་མི་ཚེའི་དོན་སྙིང་ཞིག་ངེས་པར་བརྩོན་ལེན་བྱེད་དགོས་པ་འདྲ།

མི་ཚེའི་ལམ་བུ་དེ་དོན་སྙིང་ལྡན་པ་ཞིག་དང་རང་ཉིད་ཀྱི་ལང་ཚོ་དོན་མེད་འཕྲོ་བརླག་ཏུ་མི་འགྲོ་པའི་ཆེད་ངས་ད་ཐེངས«འཇིག་རྟེན་སྐྱེ་བོའི་བློ་སྒོ་འབྱེད་པའི་དཔེ་མཚོན་གཏམ་རྒྱུད་༡༠༡»ཞེས་པའི་དེབ་དེ་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་ཚར་གཅིག་བཀླགས། །དེ་ལྟར་དེབ་དེའི་ནང་དོན་ཆ་ཤས་ཆེ་བ་བཞི་ལ་དབྱེ་སྟེ་མདོར་དྲིལ་གྱིས་ངོ་སྤྲོད་ཅུང་ཟད་བྱས་ན། དང་པོ«བརྩེ་དུང་གི་བདེན་ལུགས་འདི་ན་གསལ»ཞེས་པའི་གཏམ་རྒྱུད་དེ་དག་གི་ནང་དུ་གཙོ་བོ་གྲོགས་པོ་དང་ཕ་མ་ལ་སོགས་པའི་མི་དང་མིའི་བར་གྱི་བརྩེ་དུང་གང་འདྲ་ཡིན་མིན་དང་ང་ཚོར་ནམ་ཡང་དྲིན་ཚོར་དྲིན་གཟོའི་བློ་ཞིག་ཡོད་དགོས་པ་བརྗོད་འདུག གཉིས་པ«བསམ་གཞིགས་ཀྱི་གཤོག་ཟུང་དེ་ན་ངོམས»ཞེས་པའི་ནང་དུ་ང་ཚོས་གནད་དོན་ལ་ལྟ་སྟངས་གང་འདྲ་འཛིན་པ་དང་དེར་ཐག་གཅོད་བྱེད་སྟངས། དེ་བཞིན་བདག་གཞན་མཉམ་བརྗེའི་བསམ་བློ་ནས་རང་གཞན་གྱི་གནས་ཚུལ་དང་ཕན་ཚུན་གྱི་འབྲེལ་ལམ་ཡག་པོ་སྐྱོང་དགོས་པ་བཤད་འདུག གསུམ་པ«མི་ཚེ་ཡི་རྟོགས་སད་འདི་ནས་ཐོབ»ཅེས་པར་ང་ཚོར་མི་ཚེའི་ལམ་བུའི་ཁྲོད་ཀྱི་དཀའ་སྡུག་ལ་ཁྱད་བསད་ཀྱིས་མི་ཚེའི་རིན་ཐང་དང་མི་ཚེའི་སྙིང་པོ་མངོན་འགྱུར་བྱ་དགོས་པ་ལ་སྐུལ་ལྕག་བྱས་འདུག བཞི་པ«ལེགས་བཤད་ཀྱི་བདུད་རྩི་འདི་ནང་འཁྱིལ»ཞེས་པའི་སྡེ་ཚན་དུ་ང་ཚོར་མི་གང་འདྲ་བྱེད་དགོས་མིན་གདམས་འདུག དཔེར་ན་ང་ཚོས་མི་གང་འདྲ་ཞིག་བྱས་ཚེ་སྤྱི་ཚོགས་ཀྱི་ཁྲོད་དུ་ལེགས་པར་འཚོ་ཐུབ་པ་དང་གཞན་གྱིས་ཀྱང་རང་ལ་གདེང་འཇོག་ལེགས་པོ་ཞིག་ཐོབ་ཐུབ་མིན་ལ་སོགས་བརྗོད་འདུག མདོར་ན་དཔེ་དེབ་དེས་ང་ལ་མི་ཚེ་སྐྱལ་སྟངས་དང་བྱ་བ་བྱེད་སྟངས། སྐད་ཆ་ཤོད་སྟངས་ལ་སོགས་པའི་མི་ཚེའི་གནས་ལུགས་མང་དག་ཅིག་མཁོ་འདོན་བྱས་འདུག་ན་ངས་རང་ཉིད་ཀྱི་ཁོར་ཡུག་དང་དུས་སྐབས། དེ་བཞིན་རང་ཉིད་ཀྱི་ཕུགས་བསམ་དང་དམིགས་ཡུལ་བཅས་ལ་བསམ་གཞིགས་བྱེད་ཅིང་དེ་ནས་ང་རང་གི་བསམ་བློ་དང་བྱ་བྱེད་ལ་མཛུབ་ཁྲིད་ཀྱི་བློ་འབྱེད་མང་དུ་བྱུང་། གལ་ཏེ་ཁྱོད་ཀྱང་དཔེ་དེབ་དེ་ཀློག་པར་འདོད་ཀྱང་དུས་ཚོད་དང་འཆར་གཞི་གཞན་གྱི་དབང་དུ་སོང་སྟེ་ལྡང་ངེས་ཀྱི་ཁོམ་པ་མེད་ཀྱང་མི་སྐྱོན་དེ། དེབ་དེའི་ཟུར་ཕྱོགས་མི་འདྲར་རི་མོ་གྲུ་བཞི་རེའི་ནང་དུ་རྩོམ་ཡིག་སོ་སོའི་ནང་དོན་མདོར་བསྡུས་ངོ་སྤྲོད་བྱས་འདུག་པས་ཞིབ་ཀློག་མེད་ཀྱང་རགས་ཀློག་གིས་ནང་དོན་ཟིན་ནུས་པའི་ཁྱད་ཆོས་འདུག

དཔེ་ཀློག་བྱས་ན་ང་ཚོས་གནས་ལུགས་མང་དག་ཅིག་ཤེས་ཐུབ་ལ་ང་ཚོའི་ལྟ་རྒྱ་དང་ཐོས་རྒྱ་ཡང་ཆེ་རུ་གཏོང་ཐུབ། དེར་བརྟེན་ང་ཚོས་ནམ་རྒྱུན་ནས་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་འཇགས་པ་བྱེད་དགོས། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༡༤)

ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博