http://zw.xzqnb.cn/Content/weixinlogo.png
༄༅། །འཇིག་རྟེན་འདིའི་ཐོག་འཚོ་སྡོད་བྱེད་པའི་སྲོག་ཆགས་གང་འདྲ་ཞི
http://zw.xzqnb.cn/m/content/2023-04/14/000022.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ཕུགས་བསམ་གྱི་བསླུ་བྲིད། །

༄༅། །དཔེ་ཀློག་མྱོང་ཚོར་རགས་ཙམ་གླེང་བ། །

བོད་ཀྱི་ནུས་རྒྱུ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་བཏང་བ།

等待处理…

༄༅། །ཕུགས་བསམ་གྱི་བསླུ་བྲིད། །

作者 བསོད་ནམས་ནོར་བུ།
2023年04月14日

༄༅། །འཇིག་རྟེན་འདིའི་ཐོག་འཚོ་སྡོད་བྱེད་པའི་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་རང་གི་འཚོ་ གནས་བརྒྱུད་རིམ་ཁྲོད་དཀའ་ངལ་མང་པོ་འཕྲད་སྲིད་པ་ནི་སྨོས་ཅི་དགོས། ད་ལྟ་ང་རང་ལ་ཡང་རི་བོ་ལས་གཏོས་ཆེ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པའི་དཀའ་ངལ་ཞིག་འཕྲད་པ་ནི། ཕ་མའི་རེ་བ་དང་སོ་སོའི་ཕུགས་བསམ་དོན་གཉེར་སླད་དུ་འཕྲད་པའི་སློབ་སྦྱོང་གི་དཀའ་ཚེགས་དེའོ། །

དང་ཐོག་ང་རང་ཤེས་བྱའི་གནས་ལ་གོམ་པ་དང་པོ་སྤོ་བ་སྟེ་སློབ་ཆུང་ལོ་རིམ་དང་པོར་འགྲིམ་སྐབས། སློབ་གྲྭ་ནི་ན་མཉམ་གྱི་ཕྲུ་གུ་མང་པོ་ཞིག་ལྷན་དུ་འདུས་ནས་རྩེད་མོ་རྩེ་སའམ་ཡང་ན་རྒྱག་རེས་རྒྱག་ས་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་ལས་སློབ་སྦྱོང་བྱེད་བསམ་པ་ཡིད་ལ་འཁོར་མ་མྱོང་། འོན་ཀྱང་ལོ་རིམ་ཇེ་མཐོར་ཕྱིན་པ་དང་རྒྱབ་ཀྱི་དཔེ་ཁུག་གི་ལྗིད་ཚད་འཕར་ཞིང་། རིག་གནས་ཀྱི་ཁྱབ་ཁོངས་དང་དཀའ་ཚད་ཀྱང་ཇེ་རྒྱས་ཇེ་ཟབ་ཏུ་ཕྱིན་པས། རྩེད་མོ་རྩེ་བའི་ཁོམ་སྐབས་ཧ་ལམ་མེད། སློབ་གསེང་གི་དུས་ཚོད་ཕྲན་བུ་ཡོད་པ་ཡང་སྦྱང་གཞི་ལེགས་སྒྲུབ་ཀྱི་ཁྲོད་ནས་འདའ་གི་ཡོད། སློབ་སྦྱོང་དང་འབྲེལ་བ་ཇེ་ཟབ་ཕྱིན་པ་དང་ལྷན་དུ་རང་ལ་ཡང་རབ་རིབ་ཀྱི་ཕུགས་བསམ་ལྡན་པར་གྱུར་པ་དང་། ལྷག་པར་དུ་ད་ལོ་ནད་ཡམས་རྐྱེན་པས་རྒྱུན་ལྡན་བཞིན་སློབ་གྲྭར་འདུ་འཛོམས་བྱེད་མ་ཐུབ་པས་སེམས་ཁྲལ་ཆེན་པོ་བྱུང་།

དྲ་ཐོག་སློབ་ཚན་འཚོགས་ནས་ཟླ་བ་གཉིས་ལྷག་སོང་མཚམས་རྫོང་གི་དབུ་ཁྲིད་རྣམ་པ་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཐུགས་རྗེའི་དྲིན་ལས། ལོ་རིམ་དྲུག་པ་དང་དགུ་པའི་སློབ་མ་རྣམས་ སློབ་གྲྭ་བསྐྱར་ཚུགས་ཆོག་པའི་ཆོག་མཆན་གནང་ནས་སློབ་གྲྭར་འདུ་རྒྱུ་གཏན་འཁེལ་བྱས་པས། སློབ་ ཐོན་སློབ་མ་ཚོའི་ངོས་ནས་བརྗོད་ན་དེ་ནི་དགའ་འོས་པའི་གཏམ་བཟང་ཞིག་ཡིན།

སློབ་གྲྭར་འབྱོར་རྗེས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་ལ་བརྩོན་པ་དང་། ལུས་པོའི་ཤ་ཡང་དགུན་གྱི་ཁ་བ་བཞུ་བ་བཞིན་ཇེ་སྲབ་ནས་ཇེ་སྲབ་ཏུ་གྱུར། ཕུགས་བསམ་སླད་དུ་སློབ་མ་ ཕན་ཚུན་བར་སློབ་སྦྱོང་གི་འགྲན་རྩོད་ཆེ་ཞིང་། ཐ་ན་མི་སྒེར་གྱི་གཙང་སྦྲ་ཡིན་ཡང་སྟབས་བདེ་ཙམ་ལས་བྱེད་ཁོམ་མེད། སློབ་གྲྭའི་ཕྱི་རོལ་དུ་འགྲོ་མི་ཆོག་པས་ལུས་པོ་ཡོངས་རྫོགས་དྲེག་པས་ཁེངས་ན་ཡང་སློབ་མ་རྣམས་ཀྱིས་དེ་ལ་སྣང་བ་མ་བཞག་པར་སློབ་ལ་འབད་ཅིང་། སློབ་མ་རེ་ཟུང་ཕུད་གཞན་ཚང་མས་ནད་ཡམས་སྔོན་འགོག་གི་བྱ་བར་ཧུར་ཐག་གིས་ཞུགས་པས་བདེ་ཐང་གི་ཁོར་ཡུག་ཆགས་རྒྱུར་ནུས་ཤུགས་མི་དམན་པ་བཏོན་ཡོད།

ཕུགས་བསམ་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་དགའ་སྐྱོ་འདྲེས་མའི་གནས་ཚུལ་ཅི་རིགས་འཕྲད་ཀྱི་འདུག ང་རང་ཚོར་རང་ལ་སྙིང་རུས་ལྡན་ན་ཕུགས་བསམ་མངོན་འགྱུར་བྱེད་པའི་སྐལ་བ་བཟང་པོ་ཞིག་ཐོབ་ཡོད་པས། དཔྱིད་དུས་སུ་ས་བོན་བཏབ་ན་སྟོན་དུས་ལ་འབྲས་བུ་སྨིན་པ་བཞིན། ད་ལྟ་སུ་ཞིག་ལ་དཀའ་བ་སྤྱོད་པའི་སྙིང་རུས་དང་ལྡན་ན་མ་འོངས་པའི་ཕུགས་བསམ་འབྲས་བུ་ཡང་གང་ཟག་དེ་ལ་དབང་བ་ཡིན།

ཕུགས་བསམ་གྱི་བསླུ་བྲིད་ནི་དབང་ཤིན་ཏུ་བཙན་པས། ང་རང་དུས་ནམ་ཡང་འདིའི་གཡོ་འོག་ ལས་ཐར་ཐབས་བྲལ། དེར་བརྟེན། ཕུགས་བསམ་དེ་མངོན་འགྱུར་མི་བྱུང་བའི་གོང་ངས་ནམ་ཡང་ཕྱི་བཤོལ་བྱེད་མི་སྲིད། །

ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༩)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博