西藏青年报藏文版གལ་ཆེའི་གསར་འགྱུར། གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོའི་བཞུཌ་མོལ་ཚོཌ་འདུ་འཚོཌ། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས་36པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ལོ་ལྔའི་རིང་རང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱིས་མངོན་གསལ་དོད་པའི་ལན་སྤྲད་པ།

放大 缩小 默认

ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས་36པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་ཇ་རྟའི་ཐང་ཆེན་དུ་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས་36པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དབང་པོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་སྒྲོག་འགྲེལ་དང་། བཅའ་ཁྲིམས་བློ་འདྲི། སྤྱི་ཕན་འོས་འགན་སྨན་བཅོས། ལུས་གསོའི་མཛུབ་ཁྲིད། དབང་པོ་སྐྱོན་ཅན་གྱི་ལས་གཏོད་ཐོན་རྫས་འགྲེམས་ཚོང་བཅས་ཀྱི་དྲིལ་བསྒྲགས་འགྲེམས་སྟེགས་མདུན་དུ་བློ་འདྲི་བྱེད་པར་ཡོང་བའི་དབང་པོ་སྐྱོན་ཅན་གྱི་གྲོགས་པོ་དང་ནང་མིས་ཁེངས་ཡོད།

“ངའི་གནས་ཚུལ་འདི་ལྟ་བུར་ཁ་གསབ་གང་ཞིག་རེ་ཞུ་བྱེད་ཐུབ་བམ” “ལུས་གསོའི་སྦྱོང་བརྡར་གང་དུ་བྱེད་པར་འགྲོ་དགོས” ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདྲིའི་ལས་སྟེགས་མདུན་དུ་ལས་དོན་མི་སྣས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ཤོག་བུའི་ཐོག་སྨྱུ་གུས་རི་མོ་བྲིས་ནས་འགྲེལ་བཤད་རྒྱག་པ་སོགས་བྱེད་པར་བྲེལ་བ་དང་། དེའི་འཁྲིས་སུ་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་ཞུགས་འདོད་མཐུན་ཐོ་འགོད་བྱེད་བཞིན་ཡོད་པ་དང་ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་རོགས་སྐྱོར་སྲིད་ཇུས་སྐོར་འགྲེལ་བཤད་རྒྱག་བཞིན་འདུག

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་སྤྱི་ཚོགས་འགན་སྲུང་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། ད་ཐེངས་ཀྱི་བྱེད་སྒོས“དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་འགན་སྲུང་དང་དབང་པོ་སྐྱོན་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ་དེ་ཡིག་ཐོག་ཙམ་མ་ཡིན་པར་མིག་མཐོང་ལག་ཟིན་ཐུབ་པའི་དྲོ་སྐྱིད་ཅིག་ཏུ་འགྱུར་བར་བྱས་ཡོད།

དབང་སྒྲོན་སྐྱིད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明