西藏青年报藏文版གལ་ཆེའི་གསར་འགྱུར། གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོའི་བཞུཌ་མོལ་ཚོཌ་འདུ་འཚོཌ། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས་36པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ལོ་ལྔའི་རིང་རང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱིས་མངོན་གསལ་དོད་པའི་ལན་སྤྲད་པ།

放大 缩小 默认

མང་ཚོགས་ཀྱི་དཀའ་ཚེགས་ཆེ་བའི་གནད་དོན་ཁྲི་12.4ཐག་གཅོད་བྱས་པ།

ལོ་ལྔའི་རིང་རང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱིས་མངོན་གསལ་དོད་པའི་ལན་སྤྲད་པ།

ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་ ལས་བྱེད་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཕན་འབྲས་དང་། དེ་བཞིན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་དཔྱད་འདེམས་གཟེངས་བསྟོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་ལྔའི་རིང་རང་ལྗོངས་ཀྱིས་གྲོང་ཚོར་བཅའ་སྡོད་མངགས་གཏོང་སྟོབས་ཤུགས་གནད་ལ་འཁེལ་བའི་སྒོ་ནས་ལེགས་སུ་བཏང་ཡོད་ཅིང་། གྲོང་ཚོར་གཞིགས་ནས་མངགས་གཏོང་རྒྱུན་འཁྱོངས་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དགོས་མཁོ་ལྟར་ཐབས་ཇུས་འདོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་མངགས་གཏོང་ལམ་སྲོལ་གཏོད་ཡོད། ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཕུལ་བྱུང་370གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྤྱི་ཁྱབ་འགོ་ཁྲིད་ཀྱི་འགན་འཁུར་བར་གདམ་གསེས་བྱས་པ་དང་། རིམ་རྩིས་བྱས་ན་ལས་བྱེད་པ་ཁྲི་12.6གྲོང་ཚོ(སྡེ་ཁུལ)ཚང་མར་གདམ་གསེས་བྱས་ནས་ས་བབ་མཐོ་བ་དང་། མཐའ་མཚམས། ཐག་རིང་ལུང་ཁུག་བཅས་ཀྱི་གྲོང་ཚོར་གཙོ་གནད་མངགས་གཏོང་དང་ཁྱབ་ཁོངས་ཡོངས་སུ་ཁྱབ་པ་བྱས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་རོགས་སྐྱོར་སྟོབས་ཤུགས་རྒྱུན་མཐུད་ངང་བརྟན་དུ་ཕྱིན་ཡོད་པ་རེད།

གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་རྒྱུན་རྣམ་ཅན་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་མང་ཚོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ་ཁག་ཐེངས་རེར་ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་བརྟག་ཞིབ་ཆེན་པོ་སྤེལ་ནས་ལོ་རེར་ཆ་སྙོམས་མང་ཚོགས་དུད་ཚང་ཁྲི་84ལྷག་ཙམ་ལ་འཚམས་འདྲི་བྱས་ཏེ་སླར་ཡང་དབུལ་པོར་འགྱུར་བར་སྔོན་འགོག་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་གནད་འཁེལ་ངང་དོན་འཁྱོལ་བྱས་ནས་རིམ་རྩིས་བྱས་ན་རོགས་སྐྱོར་བྱ་ཐབས་ཁྲི་3.7བཏང་སྟེ་མང་ཚོགས་ཀྱི་དཀའ་ཚེགས་ཆེ་བའི་གནད་དོན་ཁྲི་12.4ཐག་གཅོད་བྱས་པ། ཏང་ཚོགས་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་བརྟེན་ནས་གྲོང་ཚོ་རིམ་པའི་ཐོན་ལས་རྣམ་གྲངས་7275ལག་བསྟར་བྱས་ཏེ། གྲོང་ཚོ་300ལྷག་ཙམ་གྱི་མཉམ་སྡེབ་དཔལ་འབྱོར་གྱོང་གུན་ཁེ་སྒྱུར་དང་གྲོང་ཚོ་500ལྷག་ཙམ་གྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་5མ་ཟིན་པ་ནས་སྒོར་ཁྲི་5ཡན་ཟིན་རྒྱུར་རོགས་རམ་བྱས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ་དང་། དེ་དང་ཆབས་ཅིག་མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་གྲོང་ཚོ་རིམ་པའི་ཁྲུས་ཁང་ཆུང་གྲས་དང་ཐབ་ཚང་ཆུང་གྲས་སྒྱུར་བཀོད་མཐོར་གཏོང་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)90%ཡན་ལ་ཁྱབ་ནས་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་གནོད་འཚེ་ཚབས་ཆེན་ཐག་གཅོད་བྱེད་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གདོང་མཆོང་མདུན་དུ་བསྐྱོད་དེ་འགན་འཁྲི་ལྗིད་པོ་འཁུར་ནས་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ནུས་ཤུགས་ཡོད་རྒུས་སྤེལ་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་ཡོད་པ་རེད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明