西藏青年报藏文版གལ་ཆེའི་གསར་འགྱུར། གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོའི་བཞུཌ་མོལ་ཚོཌ་འདུ་འཚོཌ། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས་36པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ལོ་ལྔའི་རིང་རང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱིས་མངོན་གསལ་དོད་པའི་ལན་སྤྲད་པ།

放大 缩小 默认

གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོའི་བཞུཌ་མོལ་ཚོཌ་འདུ་འཚོཌ།

འདི་ནི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་མཚམས་སུ། གངས་ལྗོངས་སུ་སྙིང་སྟོབས་བརྒྱུད་སྤེལ་དང་། བྱིས་བློ་མཐའ་མཚམས་སུ་ཕྱོགས་ཞེས་པའི་ལོ་ཆུང་བྱིས་པའི་རྒྱལ་སྲུང་སློབ་གསོའི་བཞུགས་མོལ་ཚོགས་འདུར་ཞུགས་པའི་ཚོགས་པའི་མཉམ་པར་ཡིན།

ཟླ་བ་5ཚེས་23ཉིན། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་མཚམས་སུ། གངས་ལྗོངས་སུ་སྙིང་སྟོབས་བརྒྱུད་སྤེལ་དང་། བྱིས་བློ་མཐའ་མཚམས་སུ་ཕྱོགས་ཞེས་པའི་ལོ་ཆུང་བྱིས་པའི་རྒྱལ་སྲུང་སློབ་གསོའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་ནི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་གནང་བ་དང་། བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོ་རྟེན་གཞིས་བསྒྲུབ་མཁན་ཁུར་བ་ཞིག་ཡིན་ཞིང་། བྱེད་སྒོའི་ནང་བོད་ལྗོངས་ཀྱི་དམག་མིའི་འཐུས་མི་དང་། གཞོན་ནུ་ལོ་ཆུང་ཕོ་བྲང་གི་དགེ་སློབ། དེ་བཞིན་ཁྱིམ་བདག་གི་འཐུས་མི་བཅས་ཁྱོན་མི་200ལྷག་ཞུགས་ཡོད།

བྱེད་སྒོ་དེ་ནི《དམག་དཔུང་སྟོབས་ཆེར་གཏོང་བའི་དམག་གླུ》ཞེས་པའི་རྔམ་བརྗིད་ལྡན་པའི་འགྱུར་ཁུག་ཁྲོད་དུ་འགོ་ཚུགས་པ་དང་། དམག་ཞབས་ཞུ་བཞིན་པ་དང་ཐིམས་པའི་དཔོན་དམག་བཅུ་རུ་སྟར་སྒྲིག་ནས་ཚོགས་རའི་ནང་ཕེབས་པ་དང་བསྟུན་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་འཕྲལ་དུ་དཔོན་དམག་རྣམས་ལ་སྐེ་དར་དམར་པོ་དཀྲིས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས་པར། དཔོན་དམག་རྣམས་ནས་ཀྱང་གུས་ལན་སློག་ཅིང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།

གཏམ་རྒྱུད་མཉམ་སྤྱོད་ཞུ་བའི་ནང་། མཐའ་སྲུང་དཔོན་དམག་འགས་མཐའ་སྲུང་གི་ཉམས་མྱོང་དང་ཟུང་འབྲེལ་གྱིས་བབ་ཆགས་ཤིང་ལྷག་བསམ་དག་པའི་སྨྲ་བརྗོད་ཐོག་ནས་གངས་ལྗོངས་ས་མཐོའི་མཐའ་མཚམས་བརྟན་སྲུང་དང་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྲུང་སྐྱོབ་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་དེ་དམག་མིའི་ལྷག་བསམ་དག་པའི་འགན་སེམས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཉམས་སྣང་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། དེ་རྗེས། ལོ་ཆུང་བྱིས་པས་མཐའ་སྲུང་སྐོར་ལ་རྒྱུས་ལོན་བྱེད་པའི་མཉམ་འགུལ་བྱེད་སྒོ་དང་། རྒྱལ་སྲུང་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་སྒོ་གཅིག་མཇུག་གཉིས་མཐུད་དུ་སྤེལ་བར། ཕྲུ་གུ་ཚོ་དང་། དཔོན་དམག་རྣམས་ཚ་ཚ་འུར་འུར་གྱིས་ཞུགས་ཤིང་། བྱེད་སྒོ་སྤེལ་ཡུལ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད།

བྱེད་སྒོ་སྤེལ་རིང་། ལོ་ཆུང་གདོང་ལེན་རུ་མི་རྣམས་ཀྱིས་ད་དུང་རང་ཉིད་ཀྱིས་བྲིས་པའི་རྟེན་འབྲེལ་མཚོན་ཡིག་དང་། ཡིག་གཟུགས་དང་རི་མོའི་བརྩམས་ཆོས་དཔོན་དམག་རྣམས་ལ་ཕུལ་ནས་བླ་ན་མེད་པའི་དད་གུས་མཚོན་པར་བྱས་ཡོད། དཔོན་དམག་རྣམས་ཀྱིས་ཀྱང་མཉམ་དུ་ངའི་སེམས་ཁོངས་ཀྱི་མེས་རྒྱལ་མཐའ་མཚམས་ཞེས་པའི་ཡིག་གཟུགས་བརྩམས་ཆོས་རིང་མོ་བྲིས་གནང་མཛད་པ་མ་ཟད་མཚན་རྟགས་བཀོད་དེ་མཉམ་དུ་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་མཚོན་པར་གནང་ཡོད།

བྱེད་སྒོར་ཞུགས་མཁན་སློབ་མ་དང་ཁྱིམ་བདག དེ་བཞིན་དམག་ཞབས་ཐིམས་པའི་དམག་མིའི་འཐུས་མི་བཅས་ཀྱིས། ད་ཐེངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་དེ་ནི་ངོ་མ་སེམས་འགུལ་ཐེབས་པ་ཞིག་འདུག གཅིག་ནས་ཕྲུ་གུ་ཚོས་དམག་མི་རྣམས་ཀྱི་བརྟན་སྲུང་གནང་བའི་ཕྱག་ལས་དེ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པའི་ངེས་ཤེས་ཐུབ་ཡོད་ལ། ད་དུང་ཁོང་ཚོའི་སེམས་ཁོངས་སུ་རྒྱལ་ཁབ་ལ་དགའ་ཞེན་དང་དམག་མིར་གུས་བཀུར། དཔའ་བོར་དད་གུས་བཅས་ཞུ་བའི་བློ་ཞིག་སྐྱེ་བར་བྱས་ཡོད་ཅེས་བསྟན་ཡོད།

བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིའི་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོས་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གོ་སྐབས་སུ་བཟུང་ནས་མི་སྣ་ཞུགས་ཚད་མང་ཞིང་མཉམ་འགུལ་སྤེལ་རེས་ཆེ་བའི་སློབ་གསོའི་རྣམ་པའི་ཐོག་ནས་གངས་ལྗོངས་ས་མཐོའི་མཐའ་སྲུང་སྙིང་སྟོབས་དང་། རྒྱལ་གཅེས་བརྩེ་བ། རྒྱལ་སྲུང་སློབ་གསོ་བཅས་ཟུང་འབྲེལ་ནུས་ལྡན་བྱས་ཐོག གཞོན་ནུ་ལོ་ཆུང་ལ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཁྲོད་ང་ཡོད་པ་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་ཁྲོད་ང་ཡོད་སྙམ་པའི་འགན་སེམས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། གཞོན་ནུ་ལོ་ཆུང་ཁྲོད་དུ་རྒྱལ་སྲུང་སློབ་གསོའི་རྩ་ལག་རྒྱས་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明