གལ་ཏེ་ཞེས་པའི་ཐ་སྙད་འདི་ནི་གནས་ཚུལ་ག་གེ་མོ་ཞིག་བྱུང་ཚར་ནས་སླར་ཡང་དེ་མྱོང་རོལ་བྱེད་འདོད་པའམ་ཡང་ན་བྱ་བ་གང་ཞིག་མ་ཡོང་གོང་གི་རེ་སྨོན་བྱེད་པའི་བསམ་པའི་སྣང་ཚུལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།
ཨ་ཅང་ཅང་། སྐྱེ་བོ་སོ་སོའི་དོན་དག་མི་གཅིག་པའི་དབང་གིས་འགའ་རེས་གལ་ཏེ་ཁ་སང་གི་དོན་རྐྱེན་དེ་འདྲ་ཞིག་ཡིན་ན་ཡང་། དེ་མིན་ན་ཅི་མ་རུང་སྙམ་པའི་གནོང་འགྱོད་ཀྱི་བསམ་པ་ཞིག་ལ་བརྩི་སྲིད། ཡང་འགའ་རེས་གལ་ཏེ་དུས་མ་འོངས་པར་ང་དེ་འདྲ་ཞིག་བྱུང་ན་བསམ་པའི་རེ་སྨོན་གྱི་སེམས་པ་ཞིག་ལ་ཡང་རྩི་བཞིན་ཡོད། དེ་དང་འདྲ་བ་ང་རང་ལ་ཡང་ནམ་རྒྱུན་དུ་དྲན་པའི་དབུས་སུ“གལ་ཏེ་་་་་་་ང་རང་་་་་་་གལ་ཏེ་་་་་་་ང་རང་་་་་་་”ཞེས་པ་དེ་འདྲ་མང་པོ་འཆར་མྱོང་། འོན་ཀྱང་དེ་དག་གི་ཁྲོད་ནས་ཆེས་མངོན་སུམ་དུ་འགྱུར་འདོད་ཆེ་ཤོས་ནི། གལ་ཏེ། ད་ལྟ་ང་རང་མིང་དོན་མཚུངས་པའི་དགེ་རྒན་ཞིག་ཡིན་ན་བསམ་པ་དེ་ཡིན། གང་ལགས་ཤེ་ན། ཁོང་རྣམ་པས་ཡ་ང་བའི་སེམས་ཅན་དག་མུན་ནག་གི་སྒྲིབ་པ་ལས་སྐྱོབ་ཅིང་ཤེས་རབ་ཀྱི་འོད་སྣང་སྦྱིན་པས་སོ། ། དེས་མ་ཚད་ཚེ་གང་སྐུ་ལས་ཚད་མེད་བསྐྱོན་ནས་ང་ཚོར་སློབ་སྟོན་གནང་བའི་ཤེས་བྱ་དག་རིགས་ལམ་ཀུན་གྱི་ལྡེ་མིག་ལྟ་བུར་འགྱུར། ང་རང་ཤེས་རབ་ཀྱི་གྲུ་ཁར་བསྡད་ནས་ཆུའི་ཕ་རོལ་དུ་ཤེས་རབ་ཀྱི་ནོར་བུ་ལེན་པར་འགྲོ་བའི་ལམ་གཞུང་དུ། དགེ་བའི་བཤེས་གཉེན་དུ་མ་ཞིག་གིས་ཁྲིད་ནས་ནོར་བུ་ལེན་པར་བརྩོན་མྱོང་། དེའི་ནང་ནས་ང་རང་ཆེས་དད་མོས་ཆེ་ཤོས་དང་ཆེས་དགའ་ཞེན་ཆེ་ཤོས་ནི་བོད་ཡིག་རྒན་ལགས་རྣམས་ཡིན། ཁོང་རྣམས་པས་སྒེར་སེམས་ཏིལ་འབྲུ་ཙམ་ཡང་མེད་པར་ངག་འཇམ་དང་ལྷད་མེད་ཀྱི་བརྩེ་བས་སློབ་མ་སྐྱོང་གི་ཡོད་པས་ཡིན་ནོ། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༤)
ཟུར་ཁྲིད་དགེ་རྒན། པ་བུར།


