西藏青年报藏文版གལ་ཆེའི་གསར་འགྱུར། 2025ལོར་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་མི་རིགས་མཐུན་སྒྲིལ་ལག་ལེན་གནས་གཞིར་དངོས་སུ་འགོ་ཚུགས་པ། རྩྭ་མདའ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བོད་ཀྱི“ཞིང་གསུམ”གྱི་ལོ་ངོ་60ཡི་འཕོ་འགྱུར་ཆེན་པོའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ།

放大 缩小 默认

རྩྭ་མདའ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཉེ་ཆར་རྩྭ་མདའ་རྫོང་གིས“བློ་སེམས་གཅིག་སྒྲིལ་དུས་ཆེན་དགའ་གཏོང་བྱེད། མཐུན་སྒྲིལ་འབད་འབུངས་མཛེས་སྡུག་ལེ་ཚན་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་35པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

འགོ་ཚུགས་མཛད་སྒོ་སྤེལ་ནས་རྣམ་པ་ཟབ་མོ་བཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་སྤེལ་འགོ་ཚུགས་པའི་མཛད་སྒོ་མཐོ་ལྡིང་ཐང་ཆེན་དུ་དངོས་སུ་འགོ་ཚུགས་པ་རེད།

འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ(མི་རིགས་ཆོས་ལུགས་ལས་དོན་ཅུས)ཡིས་སྣེ་ཁྲིད་ནས་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། སློབ་གསོ་ཅུས། ཁྲིམས་འཛིན་ཅུས་སོགས་ཚན་པ་མང་པོ་སྒྲིག་འཛུགས་བྱས་ཏེ་མཐོ་ལྡིང་ཐང་ཆེན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་བ་རེད། ཚན་པ་ཁག་གིས་རང་ངོས་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ནས་སྲིད་ཇུས་བློ་འདྲི་སྟེགས་བུ་འཛུགས་པ་དང་། དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་དང་དྲིལ་བསྒྲགས་དངོས་རྫས་སྤྲོད་པ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་འགྲོ་འོང་མང་ཚོགས་ལ་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་། མི་རིགས་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་གཞི་རྩའི་ཤེས་བྱ་སོགས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཡོད། ས་གནས་ས་ཐོག་ཏུ་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཤོག་ཕོར། ཡིག་ཁུག་སོགས་རིགས་ཁག་གི་དྲིལ་བསྒྲགས་དངོས་རྫས་བསྡོམས་4400ལྷག་ཙམ་སྤྲད་པར་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་མི་ཐེངས་320ལྷག་ཙམ་ལ་ཁྱབ་ཡོད་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明