西藏青年报藏文版གལ་ཆེའི་གསར་འགྱུར། 2025ལོར་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་མི་རིགས་མཐུན་སྒྲིལ་ལག་ལེན་གནས་གཞིར་དངོས་སུ་འགོ་ཚུགས་པ། རྩྭ་མདའ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བོད་ཀྱི“ཞིང་གསུམ”གྱི་ལོ་ངོ་60ཡི་འཕོ་འགྱུར་ཆེན་པོའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ།

放大 缩小 默认

བོད་ཀྱི“ཞིང་གསུམ”གྱི་ལོ་ངོ་60ཡི་འཕོ་འགྱུར་ཆེན་པོའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་གྲོང་རྡལ་མདུན་གྲོང་གྲོང་ཚོར་ལོ་ལེགས་ཀྱི་རྣམ་པས་ཁེངས་པ་དང་། “ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་པ”བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་བརྒྱད་པའི་བརྗོད་དོན་གཙོ་བོའི་གསར་འགོད་པ་ཐུག་འཕྲད་ཀྱི་ཚོགས་འདུ་དེ་གར་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྲིད་གཞུང་སོགས་སྡེ་ཚན་དང་སྨྱན་སྦྱོར་གྱི་གསར་འགོད་པ་གྲས་སྒོར་དུ་བསྡད་ནས་ཚོགས་འདུར་ཞུགས་ཏེ་ལོ་ལེགས་དུས་ཆེན་གྱི་གྲབས་འཛུགས་གནས་ཚུལ་དང་བཀྲག་མདངས་འཚེར་ས་གླེང་བ་མ་ཟད། བོད་ཀྱི“ཞིང་གསུམ”གྱི་ལོ་ངོ་60ཡི་མངོན་གསལ་དོད་པའི་གྲུབ་འབྲས་ཀྱང་ཡོངས་བསྒྲགས་བྱས་པ་རེད།

ཚོགས་འདུར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ལོ་ངོ་60ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི“ཞིང་གསུམ”ལ་རྗེས་ལུས་ནས་ཡར་ཐོན་དང་དབུལ་ཕོངས་ནས་འབྱོར་ཕྱུག་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། 2024ལོར་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་247.52ཟིན་པ་དེ་1965ལོ་ལས་ལྡབ་105.7འཕར་བ་དང་། འབྲུ་རིགས་ལོ་10བསྟུད་མར་ཏུན་ཁྲི་100ལས་བརྒལ་བ། མི་རེར་ཆ་སྙོམས་ཚགས་ཤ་དང་འོ་མ་བཟུང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། 2019ལོར་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པ། 2024ལོའི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་པ་དེ་1965ལོ་ལས་ལྡབ་199འཕར་ཡོད། དེ་མིན་ད་དུང་2024ལོར་བོད་ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་187ཟིན་པ་དང་། ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་87.73ཟིན་ཡོད། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཞབས་ཞུའི་ལྟེ་གནས་ཕྱོགས་ཡོངས་ལ་ཁྱབ་པ་དང་། ནས་ཀྱི་སོན་བཟང་སྤྱོད་ཚད་94%ཟིན་པ། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་སྤྱོད་ཚད་88%ཟིན་ཡོད། རིམ་རྩིས་བརྒྱབ་ན་མུའུ་ཁྲི་450ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་དང་མཛེས་མཐུན་གྲོང་གསེབ་1000བསྐྲུན་པ་དང་དུད་ཚང་རེར་གསང་སྤྱོད་ལྡན་ཚད་80%ལས་བརྒལ་ཡོད།

ཚེ་དབང་ལྷ་མོས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明