སློབ་ཚན《མགོ་གཉིས་མ》དང་། 《Dསྡེ་པའི་ཀླན་ཀ》《ཨ་མའི་སེམས》སོགས་ཀྱི་ནང་དུ། རང་ལས་མཐོ་བ་ལ་ངོ་དགའ་དང་རང་ལས་དམའ་བ་ལ་ཚིག་རྩུབ་དང་བརྙས་བཅོས་བྱེད་མཁན“མགོ་གཉིས་མ”ཨོ་ཁྲུ་མོ་ལོ་ཧྥུ་དང་། རྙིང་ཞེན་དང་མཁྲེགས་འཛིན་གྱི་སྣང་བརྙན་ལྡན་པའི་སྡེ་དཔོན་བསོད་སྐྱབས། གཅེས་པའི་མ་ལ་སྡུག་གི་ན་ཟུག་སྦྱིན་མཁན་གྱི་བུ་ཕོར་ཁོ་སོགས་ཚང་མའི་ལུས་སྟེང་ལ་མི་སེམས་ན་ཟུག་སློང་བྱེད་ཀྱི་གཤིས་ཀ་ཞེ་མེར་བ་རེ་འདུག སྒྲུང་གཏམ་དེ་གསུམ་ནི་ངའི་ངོས་ནས་བག་ཆགས་ཟབ་མོ་ལྡན་པའི་སྒྲུང་གཏམ་རྐྱང་ཡིན།
སློབ་ཚན་དེ་དག་གིས་ག་ལེར་ང་ལ་མི་སྣ་དེ་ཚོར་མི་དགའ་བའི་སེམས་བྱུང་ཞིག་སྦྱིན་པ་དང་། ངའི་སེམས་སུ་མི་སྣ་དེ་འདྲ་ཞིག་བྱས་ན་མི་ཚེ་ལ་དོན་སྙིང་མི་འདུག་བསམ་བྱུང་། ང་ཚོས་གཞན་ལ་བསམ་ཤེས་ཐུབ་མཁན་ཞིག་བྱེད་ཐུབ་པ་དགོས། མི་གཞན་ལ་རོགས་རམ་དང་ཡིད་ཆེས། བསམ་ཤེས་བཅས་བྱེད་ཤེས་དགོས། མི་གཞན་ལ་གང་བྱུང་དུ་ཚིག་རྩུབ་མི་སྨྲ་བ་དང་། གནོད་འཚེ་མི་བྱེད་པ། ངག་འཇམ་པོས་གཞན་དང་འདྲ་མཉམ་གྱིས་སྐད་ཆ་ཤོད་པ་དང་། མི་གཞན་དང་དགོས་མེད་ཀྱི་ཁ་རྩོད་མི་རྒྱག་པར་གནའ་ནས་ད་བར་གྱི་མིག་ལྟོས་སུ་གྱུར་པའི“ལིའི་ཧྥུང”གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས། མ་རབས་ཀྱི་ལས་མི་བྱེད་ཅིང་། མི་གཞན་གྱིས་མི་དགའ་བའི་ལས་ཀ་ལ་ཨུ་ཚུགས་དང་མཁྲེགས་འཛིན་བྱེད་རྒྱུ་མེད།
མི་མ་རབས་ཅན་ཞིག་ཏུ་ཆགས་རྒྱུ་ནི་མགྱོགས་པོ་ཡོད། ཡིན་ནའང་མི་ཡ་རབས་ཅན་ཞིག་བྱེད་རྒྱུ་ནི་དཀའ་པོ་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་བསམ་ཤེས་མེད་པའི་མ་རབས་ཅན་ཞིག་ཏུ་འགྱུར་བར་དོགས་ཟོན་བྱས་ཏེ། གཞན་ལ་བསམ་ཤེས་དང་རོགས་རམ་གང་ཐུབ་བྱེད་པ་ལས་གནོད་སྐྱེལ་རྒྱུ་མེད། གཞན་ལ་རོགས་བྱེད་པ་ནི་ལས་ཀ་བཟང་པོའི་རིགས་ཡིན་པ་ལས། ངན་པའི་རིགས་ལ་ཐེ་གཏོགས་གཏན་ནས་བྱེད་མི་རུང་། ད་དུང་མི་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ལས་ཉེ་རིང་ཕྱོགས་ཞེན་བྱེད་རྒྱུ་མེད། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།