西藏青年报藏文版ཕྱོགས་བསྡུས། དམག་དམངས་མཐུན་སྒྲིལ་མེ་ཏོག་ས་མཐོར་རྣམ་པར་བཞད། རི་མོའི་བརྩམས་ཆོས་འགྲེམས་སྟོན་ལྷ་ས་རུ་སྤེལ་བ། གྲོ་མོ་རྫོང་གི་“ཚོན་མདོག་བདུན་གྱི་གུང་གསེང་”ཅེས་པའི་གཞོན་ནུའི་དམག་དཔུང་སློབ་གྲྭ་སྐབས་གཉིས་པ་མཇུག་འགྲིལ་བ། “རིག་གནས་རྒན་གསོ”ཁྱབ་གདལ་བཏང་ནས་རྒན་རྒོན་གྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

放大 缩小 默认

གྲོ་མོ་རྫོང་གི་“ཚོན་མདོག་བདུན་གྱི་གུང་གསེང་”ཅེས་པའི་གཞོན་ནུའི་དམག་དཔུང་སློབ་གྲྭ་སྐབས་གཉིས་པ་མཇུག་འགྲིལ་བ།

ཉེ་ཆར་གྲོ་མོ་རྫོང་གི་“ཚོན་མདོག་བདུན་གྱི་གུང་གསེང་”སྐབས་གཉིས་པའི་གཞོན་ནུའི་དམག་དཔུང་སློབ་གྲྭའི་འགོ་ཚུགས་མཛད་སྒོ་གྲོ་མོའི་རྒྱལ་མཚམས་ནས་ཡོང་བའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་སྒར་ཁུལ་དུ་འཚོགས་པ་རེད། ར་བ་དེ་ནི་གྲོ་མོ་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་སྡེ་ཚོགས་གྲོ་མོ་རྫོང་ཨུད་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན་པས། གཞོན་ནུ་ལོ་ཆུང་20ལྷག་ཙམ་ཧུར་ཐག་གིས་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཡོད། ཁོང་ཚོས་དེ་གར་དུས་ཡུན་ཉིན་བཞིའི་རིང་“དམག་དཔུང་”འཚོ་བར་བཞུགས་ནས་རྒྱལ་ཁབ་ཀྱི་སྒོ་འོག་ཏུ་ལང་ཚོའི་ལེའུ་བརྩམས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཞོན་ནུའི་དམག་དཔུང་སློབ་གྲྭའི་བྱེད་སྒོ་ནི་གྲོ་མོའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཐུན་མོང་ཐོག་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་གཞོན་ནུ་ལོ་ཆུང་གི་སློབ་གསོ་རྒྱ་སྐྱེད་གཏོང་བའི་བྱ་ཐབས་ནུས་ལྡན་གཞན་ཞིག་ཡིན་པ་རེད། ཉེན་རྟོག་གི་འཚོ་བར་ཉམས་མྱོང་བརྒྱུད་གཞོན་ནུ་ལོ་ཆུང་གི་སེམས་སུ་རྒྱལ་གཅེས་མཐའ་སྲུང་གི་ས་བོན་ཁྱབ་སྤེལ་བྱས་ནས་སྲ་བརྟན་གྱི་གཤིས་རྒྱུད་སྦྱོང་བརྡར་བྱས་ཏེ། ཁོང་ཚོར་ཕུན་སུམ་ཚོགས་པ་དང་། བདེ་ཐང་ཡིན་པ། དོན་སྙིང་ལྡན་པའི“ཚོན་མདོག་བདུན་གྱི་གུང་གསེང་”ཞིག་བསྐྱལ་རོགས་བྱས་ཡོད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明