བོད་ལྗོང་གཡུ་ཐོག་ཟམ་པའི་སྒྱུ་རྩལ་ཁང་དང་ལྷ་ས་གྲོང་ཁྱེར་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“མི་མང་གིས་འགྲུབ་པའི་” རི་མོའི་བརྩམས་ཆོས་འགྲེམས་སྟོན་དེ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ཟམ་པའི་སྒྱུ་རྩལ་ཁང་དུ་སྤེལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་འགྲེམས་ཚོགས་སུ་ཞུགས་པའི་བོད་ཀྱི་རི་མོ་མཁས་ཅན་ངམ་བཟང་དང་། ལིའུ་པིན། ཧོ་ཁུའེ་ཐིང་བཅས་གཉིས་ནི་དམག་དཔུང་གི་སྒྱུ་རྩལ་གྲགས་ཅན་ཅིང་ཐིང་ཡའོ་ཡི་སློབ་ཁྲིད་གནང་བ་རེད། ད་ཐེངས་ཀྱི་“མི་མང་གིས་འགྲུབ་པའི་”རི་མོའི་བརྩམས་ཆོས་འདེམས་པའི་བརྒྱུད་རིམ་ཁྲོད། ཅིན་ཐིང་ཡའོ་ཡིས་སློབ་མ་གསུམ་གྱི་བརྩམས་ཆོས་ཁྲོད“ཕུལ་དུ་བྱུང་བའི་རང་བྱུང་གི་མཛེས་པ་གསུམ་” གཙོ་གནད་དུ་བཟུང་བས། ངམ་བཟང་གིས་རས་ངོས་ཀྱི་ཚོན་མདོག་ཁྲོད་ཀྱི་“གནམ་”དང་། ལིའུ་པིན་དང་ཧོ་ཁུའེ་ཐིང་གི་སྣག་ཚའི་ཁྲོད་ཀྱི་“ས་གནས”དང“མི་སྣ་”བརྩམས་ཆོས་དུ་མངོན་པས། རི་མོ་མྱོང་རོལ་བ་རྣམས་ཀྱིས་བརྒྱུད་རིམ་ལ་རོལ་མྱོང་བྱེད་པའི་ཁྲོད་དུ་འགལ་བའི་ཚོར་བ་སྤུ་ཙམ་ཡང་མེད།
“མཚར་སྣང་གི་སེམས་ཁམས་ཐོག་ནས་ཕྲུ་གུ་ཁྲིད་དེ་རི་མོ་ལ་བལྟ་རུ་ཡོང་ན། སྔོན་ཆད་ཡིན་ན་རི་མོའི་འགྲེམས་སྟོན་ལ་གོ་བ་ལེན་དཀའ་བ་དང་ཕྲུ་གུ་ཡང་སྤྲོ་བ་མེད། ད་ཐེངས་ཕྲུ་གུ་ཧ་ཅང་དགའ་ནས་མུ་མཐུད་ནས་ཅུང་ཙམ་བལྟ་དགོས་ཟེར།”ཞེས་འགྲེམས་སྟོན་ལ་ཡོང་མཁན་ཁྱིམ་བདག་ནོར་དོན་གྱིས་བཤད།
ངམ་བཟང་གིས་རི་མོའི་བརྩམས་ཆོས་འགྲེམས་སྟོན་གཙོ་བོ་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་རི་མོའི་སྒྱུ་རྩལ་ཡིན་པས་འགྲེམས་སྟོན་དེས། མི་དེ་ལས་མང་བས་བོད་ཀྱི་རིག་གནས་ཤེས་རྟོགས་བྱེད་པར་ཡོང་བ་དང་ལྷ་སས་རྒྱ་ཆེའི་སྒྱུ་རྩལ་ལ་དགའ་པོ་བྱེད་མཁན་རྣམས་ལྟ་སྐོར་བྱེད་པར་ཕེབས་པར་དགའ་བསུ་ཞུ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བརྩམས་ཆོས་འགྲེམས་སྟོན་གྱིས་སྣ་མང་སྒྱུ་རྩལ་གྱི་ཉམས་འགྱུར་ཐོག་ནས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་ཤེས་རྟོགས་མངོན་པས། མུ་མཐུད་ནས་ཟླ་8ཚེས་20ཉིན་གྱི་ཉིན་བར་རིན་མེད་ཐོག་མང་ཚོགས་ལ་སྒོ་འབྱེད་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།