ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་གིས་རྫོང་རྒྱབ་ཀླུ་ཁང་དུ“གསར་བརྗེའི་གླུ་དབྱངས་བླངས་ནས་ཏང་ལ་ཕུལ། གླུ་ལེན་གར་འཁྲབ་རྒན་རྒོན་ཉམས་སྣང་མངོན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་རྒན་རྒོན་ཚོས་གསར་བརྗེའི་གླུ་གཞས་མཉམ་གཏོང་དང་། སྲོལ་རྒྱུན་སྒོར་གཞས་འཁྲབ་སྟོན། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་འགྲེམས་སྟོན་བཅས་བརྒྱུད་དེ། “རྒན་རྒོན་གྱི་རིག་གནས་སློབ་ཁང”དུ་སྐད་གཉིས་དང་། ཞབས་བྲོ། ལག་ཤེས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་བསྟན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེའི་དམིགས་ཡུལ་ནི“རིག་གནས་རྒན་གསོའི”ཞབས་ཞུའི་རྣམ་པ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཀྱི་རྒན་རྒོན་དེ་བས་མང་བ་ཕན་བདེ་ཁང་གི་ཁྱད་ལྡན་སློབ་ཚན་ནང་ཞུགས་རྒྱུར་ཡིད་དབང་འགུག་ཆེད་ཡིན་པ་རེད། འདི་ནི་རྒན་རྒོན་ཚོས་སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།