西藏青年报藏文版གལ་ཆེའི་གསར་འགྱུར། གུང་གཞོན་སྡེ་ཚོགས་ནག་ཆུ་གྲོང་ཨུད་ཀྱི་གཞོན་ནུའི་འཆད་འཁྲིད་དགེ་རྒན་ཚོགས་པས“མཐའ་མཚམས་སུ་སྐྱོད་པའི་”བྱེད་སྒོ་རབ་དང་རིམ་པ་སྤེལ་བ། སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱས། དམངས་ཀྱི་དོགས་གནད་ཧུར་ཐག་བསལ། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།

放大 缩小 默认

སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱས། དམངས་ཀྱི་དོགས་གནད་ཧུར་ཐག་བསལ།

འདི་ནི་ལས་དོན་པས་མང་ཚོགས་ལ་འབྲེལ་ཡོད་ཀྱི་སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་བཞིན་པ།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་16ལས་གྲུབ་པའི་ཏང་ཡོན་དང་བླངས་རུ་ཁག་རྨམ་པ་ཤང་ཐེ་བ་ནང་གྲོང་ཚོ་དང་བྲག་ལོག་གྲོང་ཚོ་སོགས་ཀྱི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་བསྐྱོད་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། ཁོང་ཚོས་རིག་རྩལ་འཁྲབ་སྟོན་ནས་འགོ་བཙུགས་ཏེ་རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུ”དང་མལ་གྲོ་གུང་དཀར་རྫོང་ཁྲིམས་ཁང་གི་ལས་དོན་པས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། འཕྲེད་འགེལ་སྦྱར་ཡིག་དང་སྐོར་སྐྱོད་སྒྲོག་འགྲེལ་ལ་བརྟེན་ནས་བཅའ་ཁྲིམས་ཁྲིམས་སྲོལ་ཡང་ཁྱབ་གདལ་བཏང་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་བྱེད་སྒོ་ལས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་ནུས་ལྡན་ཕྱིན་ཡོད་ལ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱང་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明