西藏青年报藏文版གལ་ཆེའི་གསར་འགྱུར། གུང་གཞོན་སྡེ་ཚོགས་ནག་ཆུ་གྲོང་ཨུད་ཀྱི་གཞོན་ནུའི་འཆད་འཁྲིད་དགེ་རྒན་ཚོགས་པས“མཐའ་མཚམས་སུ་སྐྱོད་པའི་”བྱེད་སྒོ་རབ་དང་རིམ་པ་སྤེལ་བ། སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱས། དམངས་ཀྱི་དོགས་གནད་ཧུར་ཐག་བསལ། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།

放大 缩小 默认

ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།

འདི་ནི་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོག་བཞིན་པ།

ཉེ་ཆར། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ཙུའུ་ཀྲང་ཀྲང་ཧྥུའུ་ཀེན་གྱིས་སྐུལ་སློང་གཏམ་བཤད་སྤེལ་ནས། སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐོར་ཞིབ་ལས་དོན་ཏན་ཏིག་སྤེལ་བའི་སྐོར་ལ་བླང་བྱ་བཏོན་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་འགན་འཁུར་བ་གཙོ་བོ། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་བློ་མཐུན་ཡོངས་བཅས་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ལས་གནས་ཐོག་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་གཞན་དག་དང་། ལྷ་སར་ཡོད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། སྲིད་གཞུང་གི་དྲུང་ཆེ། རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་གཞུང་དོན་ཁང་གི་ཀྲུའུ་རེན་དང་སྐོར་ཞིབ་ཚོགས་ཆུང་ཁག་གི་ཙུའུ་ཀྲང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཏང་ཨུད་དང་ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།

ཀྲང་ཧྥུའུ་ཀེན་གྱིས་ནན་བཤད་བྱས་དོན། སྐོར་ཞིབ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དང་། སྐོར་ཞིབ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ལྟ་སྐུལ་ལ་ངོས་འཛིན་ཡང་དག་བྱེད་པ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པ། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་སྐོར་ཞིབ་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་ཡག་པོ་བྱེད་དགོས།

ཀྲང་ཧྥུའུ་ཀེན་གྱིས་བརྗོད་དོན། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་འབུར་དུ་ཐོན་པ། སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། དར་ཆ་གསལ་སྟོན་ངང“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་བརྩི་གི་ཡོད། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། གནད་དོན་གྱི་སྟོན་ཕྱོགས་དང་ནན་པའི་དགོངས་གཞི་མཐའ་འཁྱོངས། མ་ལག་གི་འདུ་ཤེས་དང་ཕྱོགས་བསྡུས་ལྟ་སྐུལ་གྱི་ནུས་པ་འདོན་རྒྱུ་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་དང་སྒྲིག་སྲོལ་དང་སྒྲིག་ཁྲིམས་བཅའ་ཁྲིམས་ལ་གཞི་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་གནད་ལ་འཁེལ་ཞིང་ནུས་ལྡན་ངང་སྤེལ་རྒྱུ་ཡིན། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་ནུས་ངེས་གནས་དང་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཤེས་རྟོགས་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། འགོ་ཁྲིད་ཚན་ཁག་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་དང་དེ་བཞིན་སྐོར་ཞིབ་དང་དག་ཐེར་གྱི་གནས་ཚུལ་ལ་ཤུགས་སྣོན་རྒྱག་པ། དབང་ཆ་དང་འགན་འཁྲི། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག མང་ཚོགས་ཀྱི་ཚུར་སྣང་ལན་ཆ་དྲག་པོ་ཡོད་པའི་གནད་དོན་བཅས་ལ་དམ་པོར་དམིགས་ཏེ། ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་བཤེར་ཤུགས་ཆེན་བྱེད་པ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་ནུས་ལྡན་བྱ་རྒྱུ་ཡིན།

ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པས་བོད་ལྗོངས་ལ་སྐོར་ཞིབ་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་ལས་བྱེད་པའི་དཔུང་ཁག་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་གང་ལེགས་མཚོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས། ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་ཀྲུང་དབྱང་སྐོར་ཞིབ་ཀྱི་བཀོད་སྒྲིག་དང་བླང་བྱ་ཁག་ལ་ནན་པོར་གཞིགས་ཏེ། སྐོར་ཞིབ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་། ལྟ་སྐུལ་དང་ཞིབ་བཤེར་ལྷག་བསམ་རྣམ་དག་གིས་དང་ལེན་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་སྲོལ་ཁག་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ནས་སྐོར་ཞིབ་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ། སྐོར་ཞིབ་བྱེད་ཀྱིན་དག་ཐེར་བྱེད་པ་དང་སྐོར་ཞིབ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་བཅས་ལ་སྤྱི་འདོམས་དང་དམ་འཛིན་ཡག་པོ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་སུ་ལས་ཀ་ཟླ་བ་གཉིས་དང་ཟླ་ཕྱེད་ཙམ་བྱ་རྒྱུ་རེད། སྐོར་ཞིབ་བྱེད་རིང་ཆེད་བཙུགས་ལས་སྒྲུབ་ཁ་པར་0891-6533777ཡིན་པ་དང་ཉིན་ལྟར་ཁ་པར་ནས་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཆུ་ཚོད་9:00ནས་19:00བར་ཡིན། ཆེད་བཙུགས་སྦྲག་སྒམ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཡིག་སྒམ་ཨང་A112ཡིན་པ་དང་སྐོར་ཞིབ་ཚོགས་ཆུང་གིས་ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་2025ལོའི་ཟླ་9ཚེས་23ཉིན་བར་ཡིན། སྐོར་ཞིབ་ལས་དོན་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོ། ལས་གནས་གཙོ་བོའི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་མཚོན་པའི་ཡི་གེ་དང་། ཁ་པར། ཞུ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ཡིན་པ་དང་། གཙོ་གནད་ཐོག་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་སྐོར་གྱི་ཐེར་འདོན་དང་ཚུར་ལན་ཡིན་པ་རེད། སྐོར་ཞིབ་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་གཞན་དག་གཏན་འབེབས་ལྟར་བོད་རང་སྐྱོང་ལྗོངས་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་ནན་ཏན་བྱ་རྒྱུ་རེད།

ལྷག་ཚེ་དང་དཔའ་མོས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明