西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སྒྲ་སྙན་གྱི་དགེ་རྒན་པདྨ་ཚེ་རིང་། ༄༅། །སྡུག་གི་ཁུར་པོ་མཉམ་དུ་འཁུར་དགོས། ༄༅། །ཤེས་བྱའི་གནས་ལ་འབད་དང་། ༄༅། །དཔྱིད་ཀ་སླེབས་བྱུང་།

放大 缩小 默认

༄༅། །ཤེས་བྱའི་གནས་ལ་འབད་དང་།

□ 作者 ཆུང་མཚོ་སྐྱིད།

སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་བོད་ཀྱི་མཁས་དབང་ས་པཎ་གྱིས་བརྩམས་པའི«ས་སྐྱ་ལེགས་བཤད»ལས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་གསུངས། རེད་ཨང་། ཤེས་བྱ་རིག་གནས་སྦྱོང་བའི་དུས་ནི་ཧ་ཅང་གི་དུས་ཡུན་རིང་ཞིང་དཀའ་གནད་ཆེ་བའི་ལམ་བུ་ཞིག་ཡིན་ཡང་ཤེས་བྱ་རིག་གནས་མེད་པའི་སྡུག་བསྔལ་ནི་ཚེ་གང་ཡིན་པ་སྨོས་ཅི་དགོས།

ལོ་ཟླའི་གོམ་འགྲོས་ནི་ཆུ་རྒྱུན་བཞིན། ང་ཡི་འཚར་ལོངས་ཀྱང་དེ་དང་ཆབས་ཅིག ཐོག་མའི་ངུ་སྐད་ནས་རྩྭ་ཐང་དུ་ཅང་ཤེས་གཡང་རྟར་བཞོན་ནས་བང་རྩལ་འགྲན་པའི་དུས་ཀྱང་སླེབས་སོང་། ཤེས་བྱ་རིག་གནས་ནི་སྦྲང་རྩི་དང་འདྲ། རྐང་དྲུག་གི་འཕུར་ལྡིང་ནུས་ཤུགས་སྤྱི་ལེ་གཅིག་ནས་འབུམ། འབུམ་ནས་ས་ཡ། མེ་ཏོག་གི་ཟེའུ་འབྲུའི་ཉིང་བཅུད་རེ་རེ་བཞིན་བླངས་ནས་ཞིམ་མངར་ལྡན་པའི་བཅུད་ལྡན་གྱི་སྦྲང་རྩི་རུ་གྱུར། ང་ཚོ་སློབ་བུ་རྣམས་ཀྱང་ཡབ་ཡུམ་གཉིས་ཀྱིས་གནང་བའི་དགྲ་འདུལ་གྱི་ལག་ཆ་འབད་བརྩོན་དང་། དགེ་བའི་བཤེས་གཉེན་གྱིས་གནང་བའི་མཚོན་འགོག་གི་ལག་ཆ་བློ་གྲོས་ཁྱེར་ནས་མུ་མེད་རྒྱ་མཚོར་གཏེར་ཁའི་ཚང་བསྔོག་ཏུ་འགྲོ་བའི་གོ་སྐབས་ཐོབ་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ཨང་།

ཤེས་བྱ་རིག་གནས་ཀྱི་རྒྱ་མཚོར་རོལ་དང་ཁྱེད་ལ་སྟོབས་འབྱོར་མངའ་ཐང་རྒྱས་སྲིད། ང་ཡི་བརྩེ་བའི་ན་གཞོན་ལགས། ཤེས་བྱའི་རིན་ཐང་འཚོལ་དང་ཁྱེད་ལ་ཕན། ང་ཡི་སྙིང་ཉེ་ལགས། རྨི་ལམ་གྱི་གཤོག་ཟུང་བརྐྱངས་ནས་འགུལ་སྐྱོད་ཀྱི་ཐེམ་སྐས་འཛེགས་དང་། ནོར་བུ་དེ་ནི་དངོས་གནས་ཀྱི་གཏེར་ཁ། ཚེ་འདིའི་ཕུགས་བསམ་གྱི་ཁུངས་སྣེ། གུས་མོས་སླར་ཡང་ཁྱེད་རྣམས་ལ་དྲན་སྐུལ་གྱི་ཚུལ་དུ“ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚངས་སོང”ཞེས་པའི་ཚིགས་བཅད་འདི་ང་ཡི་བརྩེ་བའི་སློབ་གྲོགས་ཁྱེད་རྣམས་ལ་ཕུལ་བར་འདོད་དོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明