西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །གཟའ་འཁོར་གཅིག་གི་འགྲོ་སོང་། ༄༅། །བདག་གི་དགེ་རྒན། ༄༅། །གཟའ་འཁོར་གཅིག་གི་འགྲོ་སོང་།

放大 缩小 默认

༄༅། །གཟའ་འཁོར་གཅིག་གི་འགྲོ་སོང་།

□ 作者 དབང་ཆེན་དབང་མོ།

ཞོགས་པར་ཁ་བ་བབས་པས་རྟེན་འབྲེལ་བཟང་། ད་གིན། རྒན་ལགས་ཀྱིས་དེ་རིང་གི་ཉིན་ཐོ་ལ་ཁ་བྱང་གནང་བ་ནི་གཟའ་འཁོར་གཅིག་གི་འགྲོ་སོང་ཞེས་པ་དེ་རེད།

མི་ཁ་ཤས་ཀྱི་སེམས་སུ་ཕ་མས་རང་ཉིད་གསོ་སྐྱོང་བྱེད་པ་ནི་འོས་འགན་དང་ངེས་པར་དུ་བྱ་འོས་པའི་ལས་ཤིག་ལ་ངོས་འཛིན་བྱས་ཡོད། ཨ་ཅང་ཅང་། སྔོན་ཆད་ང་ཡང་བསམ་བློ་དེ་ལྡོག་ཐབས་མི་འདུག ཕ་མ་ཁ་ཤས་ཀྱིས་རང་གི་ཕྲུ་གུ་འཇིག་རྟེན་གྱི་ཁམས་འདིར་སླེབས་མ་ཐག་ཏུ་འཚོ་འགྲམ་དུ་གཡུགས་ཏེ་འཆི་ལ་ཁད་དུ་གྱུར་བའི་སྐོར་ཐོས་དུས། ངས་མི་དེ་གཉིས་ལ་དམོད་མོ་རེ་བྱས་ཏེ་ཁོང་ཁྲོ་སྒོམ་ནས་སྡོད་ཀྱི་ཡོད། ང་ལོ་ན་ཆུང་དུས་ནས་ཨ་ཕ་འདས་པ་རེད། དྲང་པོར་བཤད་ན། ཨ་ཕ་ཁོང་ངའི་ངོས་ནས་ཤིན་ཏུ་རླབས་ཆེ་བ་ཞིག་ཡིན་ནའང་ཁོང་གིས་རྟག་ཏུ་ཨ་མ་ལ་སྐྱག་རྫུན་བཤད་ནས་ཐ་མག་དང་ཆང་རག་བཏུང་མེད་ཁུལ་བྱེད་སྲིད། གཅུང་པོ་འཇིག་རྟེན་དུ་སླེབས་ནས་ལོ་གསུམ་མ་ཕྱིན་པར་ཁོང་ཚེ་ལས་འདས་པ་རེད། ཁ་ཆེམས་ཀྱང་དྲོ་གྲང་མཉམ་བསྲེས་ཀྱི་སྐད་ཆ་ཚིག་གཅིག་སྟེ"ངའི་བུ་འདི་གསོ་སྐྱོང་ཡག་པོ་བྱེད་རོགས"ཟེར་བ་དེ་རེད། ནར་སོན་བཞིན་ངས་ནང་གི་ཁྱིམ་སྐྱོང་ལ་བསམ་ཤེས་ཐུབ་ཀྱི་འདུག དཔལ་འབྱོར་དེ་ཙམ་སྐྱོ་པོ་མེད་ལ་ཨ་ཅག་གིས་ཀྱང་ང་ལ་ཉིན་ལྟར"དངུལ་ཡོད་དམ། ངས་བསྐུར་ཡོང"ཟེར་ནའང་མང་ཆེ་བར་ངས"ཡོད"ཅེས་ལན་འདེབས་ཀྱིན་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། ཨ་ཅག་ངེད་གཉིས་མ་གཅིག་པ་ཡིན་ནའང་ཕ་མི་གཅིག་པའི་གཅེན་གཅུང་རེད། གང་ནས་བལྟས་ནའང་ཁོང་གིས་ང་ལ་ལྟ་རྟོག་བྱེད་དགོས་པའི་འོས་འགན་དང་དགོས་པ་ཅི་ཡང་མི་འདུག ཨ་མ་ཡིན་ཡང་མི་འདྲ་ཅི་ལ་སྲིད། འཇིག་རྟེན་འདིར་ལན་གཅིག་ཁྲིད་པ་ཙམ་གྱིས་བཀའ་དྲིན་ཚད་མེད་ཡིན་ནའང་ད་དུང་འཁོར་བའི་འགྲོ་ལུགས་དང་མི་གཞི་གཙང་དགོས་པའི་སློབ་གསོས་བསྐྱངས།

ཕྱིར་དྲན་རེ་བྱེད་དུས། སྔོན་ཆད་ཨ་ཕ་བཞུགས་པའི་སྐབས་ཁོང་གིས་ནག་ཆུ་གྲོང་ཁྱེར་དུ་མོ་ཊ་རྒྱུགས་ནས་ཡོང་འབབ་གསོག་ཀྱིན་ཡོད་ལ་དེ་ཡང་ཨ་མར་མ་ལྷག་པར་བཅོལ་བར་བྱེད། ཁོང་གིས་མོ་ཊ་བཏང་ཞོར་དུ་ང་རང་སློབ་གྲྭར་སྐྱེལ་བསུ་བྱེད། སྐབས་འགར་སྒོར་ལྔ་ཙམ་ལྐོག་ཏུ་ཉར་ནས་ཐ་མག་ཉོ་གྲབས་བྱེད་དུས་ངས་ཡབ་ཆེན་ལ་བཙན་ཤེད་ཀྱིས་རྔན་པ་ཉོ་དགོས་ཞེས་དང་། ཁོང་གིས་ང་ལ་རྔན་པ་མ་ཉོས་ན་ངས་ཁྱོད་ཀྱིས་ཐ་མག་འཐེན་པའི་དོན་དེ་ཨ་མ་ལ་ལབ་རྒྱུ་ཡིན་ཞེས་འཇིགས་སྐུལ་བཏང་གི་ཡོད་པས་ཁོང་ཐབས་ཟད་བཞིན་དུ་ཁས་ལེན་བྱེད། ང་རང་གཏོར་བཤིག་ཆེ་བས་ཐེངས་ཤིག་གྲིས་ལག་པ་གཤགས་ནས་མཛུབ་མོའི་ནང་གི་རུས་པའང་མཐོང་གི་འདུག དེ་དུས་ཨ་ཕ་ཁོང་ཕྱི་ལ་ཡོང་འབབ་གསོག་ལ་འགྲོ་ཡི་ཡོད། ང་རྨས་པ་ཐོས་པས་སྐར་མ་ལྔ་མ་འགོར་བར་ནང་དུ་ཕེབས་ཏེ་སྨན་ཁང་དུ་རྨ་ཁ་གསོ་བར་ཁྲིད་བྱུང་། དེ་དུས་ཨ་ཅག་དང་ཨ་ཕ་ཁོང་གཉིས་ཀྱི་གདོང་ནག་པོར་གྱུར་འདུག་ནའང་ངས་མཐོང་མེད་ཁུལ་གྱིས་སྣང་མེད་ངང་ནང་ལ་ལོག་པ་ཡིན། དུས་ཚོད་ཀྱིས་བཅོམ་འགྲོ་བ་ནི་མིའི་ཚེ་སྲོག་དང་བསམ་སྤྱོད་ལས་གཞན་ཅི། གནས་ཚུལ་དེ་དང་དེ་འདྲ་བ་ཡིད་ལ་འཁོར་འཁོར་བྱེད་དུས་ངོ་ཚ་བ་དང་འགྱོད་གདུང་དྲག་པོ་ཞིག་གིས་མནར། ཨ་ཅག་གིས་རྔུལ་ཆུ་བཏོན་ནས་བསགས་པའི་ནོར་དེ་དག་ངས་བག་མེད་དུ་གཏོར་ག་ལ་རུང་། མོ་རང་གི་འཚོ་བ་ལ་ང་གཅིག་པུ་མ་ཡིན་པར་ཚོན་མདངས་སྣ་མང་འཛོམས་འོས། རང་གཅིག་པུ་ལ་དབང་བའི་འཚོ་བ་ཞིག་ཡོད་འོས། དེས་ན་ངས་གཟའ་འཁོར་གཅིག་ལ་སྒོར་བཅུའམ་སྐབས་འགར་ཉི་ཤུ་ལས་བཏང་གི་མེད། ཕར་འགྲོ་ཚུར་འོང་ཐེངས་གཅིག་ལ་སྤྱི་འཁོར་བསྡད་གླ་སྒོར་བཞི་དང་། ལྷག་མ་དྲུག་དེ་སྐབས་འགར་ལྷག་གི་འདུག་ལ་སྐབས་འགར་ཁ་སྐོམ་གསོ་བའི་ཕྱིར་བཏུང་བྱ་གཅིག་གཉིས་ཉོ་བར་བྱེད། སྒོར་ཉི་ཤུ་ཡིན་ན་སྤྱི་འཁོར་ལ་སྒོར་བཞི་དང་སྤྱི་འཁོར་དུ་གྲོད་པ་སྟོང་པར་ཕྱིན་ན་སྐྱུག་མེར་ལང་གི་ཡོད་པས་བོད་ཐུག་གཅིག་བཏུངས། ཕལ་ཆེར་སྒོར་ཉི་ཤུ་དེ་འདྲ་རེད་འདུག ད་དུང་ཚལ་ཉོས་ནས་ཁ་ལག་བཟོ་དགོས།

དེ་བས་ཀྱང་དགུན་ཁའི་གུང་གསེང་དུ་ལས་ཀར་འགྲོ་དགོས་ལ་ཉེ་ཆར་གསོ་རིག་སློབ་གྲྭའི་ཕྱོགས་སུ་བརྩོན་འགྲུས་བྱེད་བཞིན་ཡོད་པས་དགུན་ཁའི་གུང་གསེང་ལ་དཀའ་ལས་ཅུང་ཟད་ཡོད་སྲིད། ཤེས་བྱ་རྣམས་བརྗེད་མི་རུང་ལ་རང་གི་དོན་དག་འཕྱུག་ན་མི་ཡོང་ངོ་། །

ལྷ་ས་ཅང་སུའུ་ཚོད་སློབ་ལོ་རིམ༣(༡༡)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明