ངའི་སེམས་ནང་ནམ་ཡང་བརྗེད་ཐབས་མེད་པ་ནི་བདག་གི་དྲིན་ཆེན་ཕ་མ་དང་དབྱེར་མེད་པའི་སློབ་དཔོན་དམ་པའམ་དགེ་རྒན་ལགས་ཡིན།
རྒན་ལགས་ཁོང་ནི་ང་ཚོའི་ལོ་རིམ་ལྔ་པའི་དུས་ཀྱི་བོད་སྐད་ཡིག་གི་དགེ་རྒན་ཡིན་ཁོང་གི་དབུ་སྐྲ་ནག་པའི་ཁར་སེར་པོ་ཅུང་ཟད་འདྲེས་ཡོད། ཁོང་གི་སྐུ་གཟུགས་ཕྲ་ལ་རིང་བས་སློབ་ཁྲིད་གནང་སྐབས་གསུང་སྐད་སྙན་པོ་ཞིག་ཡོད་པས། སློབ་མ་ཚང་མས་ཁོང་གི་སློབ་ཚན་ཉན་འདོད་ཤིན་ཏུ་ཆེ་ཁོང་གི་གདོང་ལ་དུས་རྟག་ཏུ་བརྩེ་བའི་འཛུམ་གྱིས་ཕྱུག་སྟེ་འཛུམ་དམུལ་དམུལ་བྱེད་པས་ཕྱིའི་རྣམ་པ་ཧ་ཅང་མཛེས།
ཁོང་ད་ལྟ་དགུང་ལོ་རྒས་ནས་ལུས་གཟུགས་ཉམས་ཀྱང་ཁོང་གིས་ང་ཚོར་དུས་རྒྱུན་ནས་སློབ་ཁྲིད་ཐེངས་གཅིག་ཀྱང་ཆད་མ་མྱོང་། སློབ་སྦྱོང་ཞན་པའི་སློབ་མར་ལྷག་ཏུ་ཐུགས་ཁུར་དང་སེམས་ཁྲལ་གང་མང་གནང་གི་ཡོད། ལྷག་པར་དུ་སློབ་མ་ན་བ་དང་ཁྱིམ་ཚང་ཆ་རྐྱེན་ཞན་པ་སོགས་ཀྱི་སློབ་མར་ཕྱག་རོགས་གནང་བས། སློབ་མ་ཚང་མས་རྒན་ལགས་ལ་ཧ་ཅང་གི་དགའ་པོ་ཡོད་པས་ཁོང་དང་ང་ཚོའི་བར་གྱི་བརྩེ་དུང་ནི་ཧ་ཅང་གི་ཟབ་པོ་ཡོད།
ཁོང་ནི་ངའི་རྩོམ་ཡིག་ཤེས་བྱའི་རྨང་གཞི་འདིང་མཁན་དང་ངའི་ཡིད་ཀྱི་རྨོངས་པ་སེལ་བའི་ཤེས་རབ་ཀྱི་སྒྲོན་མེ་དེ་ཡིན་ནོ། །