ཕུགས་བསམ་ནི་འབད་བརྩོན་གྱི་སྒུལ་ཤུགས་ཡིན་ཞེས་པ་ལྟར་འཛམ་གླིང་གོ་ལ་ཧྲིལ་པོའི་སྟེང་གི་མི་ཚང་མར་རང་རང་སོ་སོའི་ཕུགས་བསམ་རེ་ཡོད་ངེས་རེད། སྐྱེ་བོ་འགའ་ཞིག་ནི་མི་དམངས་ལ་ཕན་བདེ་སྐྲུན་མཁན་གྱི་མི་དམངས་བཅིངས་འགྲོལ་དམག་བྱེད་འདོད་པ་དང་། འགའ་ཤས་ནི་ནད་པ་རྣམས་ནད་དུག་གི་གདུང་བ་སེལ་ཞིང་ཚེ་སྲོག་གཉིས་པ་སྦྱིན་མཁན་གྱི་ལྷ་རྗེ་ཞིག་བྱེད་འདོད་པ་སོགས་ཕུགས་བསམ་གྲངས་ལས་འདས་པ་ཞིག་ཡོད། བདག་ལ་ཡང་ཆུང་དུས་ནས་ཕུགས་བསམ་ཞིག་ཡོད་པ་དེ་ནི་མི་རྣམས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་ཉེན་རྟོག་པ་ཞིག་བྱེད་འདོད་པ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན་སྤྱི་ཚོགས་ཀྱི་བདེ་ཐང་ཞེས་པ་ནི་མིའི་རིགས་ཀྱི་བདེ་སྐྱིད་འཚོ་བའི་རྨང་རྡོ་ལྟ་བུ་ཡིན་པས་དེར་ལེགས་སྐྱེས་ཕུལ་ནས་ཞི་བདེའི་སྤྱི་ཚོགས་བསྐྲུན་རྒྱུ་དེ་ནི་ང་ཚོའི་འོས་འགན་ཞིག་ཀྱང་ཡིན། དེར་བརྟེན་ངས་ད་ལྟ་ནས་བཟུང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་སྐྲུན་ཆེད་དང་རང་གི་ཕུགས་བསམ་མངོན་འགྱུར་ཡོང་སླད་དུ་སློབ་སྦྱོང་གང་ཅིར་འབད་པ་ལྷོད་མེད་བྱ་རྒྱུའི་དམ་བཅའ་ཡིད་ལ་བརྟན་པོར་བཅངས་ཡོད། །
ལྷོ་བྲག་རྫོང་སློབ་འབྲིང་ལོ་རིམ༩(༤)
ཟུར་ཁྲིད་དགེ་རྒན། མིག་དམར།