西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སྐྱེད་མ། ༄༅། །རླབས་ཆེན་གྱི་དགེ་རྒན། ༄༅། །ཤེས་རབ་ཀྱི་སྒྲོན་མེ། ༄༅། །བདག་གི་ཕུགས་བསམ། ༄༅། །བདག་གི་ཕ་ཡུལ།

放大 缩小 默认

༄༅། །རླབས་ཆེན་གྱི་དགེ་རྒན།

□ 作者 བསྟན་འཛིན་ཀུན་སྐྱིད།

བསླབ་བྱ་དཔྱིད་རླུང་འདྲ། དགེ་རྒན་མཚོ་ལྟར་ཟབ། རྒན་ལགས་ནི་སྒྲོན་མེ་དང་མཚུངས། ཁོང་རྣམས་ནི་ང་ཚོའི་ངོས་ནས་བརྗོད་ན་རླབས་ཆེ་ཤོས་ཞིག་ཡིན།

རང་ཉིད་མེ་བསྲེགས་ཐེབས་ནས་གཞན་ལ་འོད་སྣང་སྦྱིན། ང་ལ་སྒྲོན་མེ་ལྟ་བུའི་དགེ་བའི་བཤེས་གཉེན་ཞིག་ཡོད། འདི་ནི་ང་ཡི་བོད་ཡིག་རྒན་ལགས་ཡིན། ཁོང་གི་ཞལ་རས་དཀར་གསལ་ཟླ་བ་དང་འདྲ་ལ་དབུ་སྐྲ་ཐུང་ལ་ནག་པ། དུས་རྒྱུན་དུ་བཞད་མོ་བཞད་རྒྱུར་ཤིན་ཏུ་དགའ་པོ་ཡོད།

ཁོང་གི་ང་ཚོར་རིག་གནས་ཙམ་མ་ཟད་སློབ་མའི་འཚོ་བ་སོགས་ཕྱོགས་གང་སྤྱིའི་ཐད་ལ་ཐུགས་ཁུར་དང་རོགས་རམ་གནང་གི་ཡོད་ལ། ང་ཚོའི་འཛིན་གྲྭའི་སློབ་མས་ཁོང་ལ་ཧ་ཅང་དགའ་པོ་ཡོད། ང་ཚོ་དགེ་སློབ་བར་གྱི་འབྲེལ་བ་ནི་འོ་ཆུ་གཅིག་སྒྲིལ་ལྟར་ཡིན།

ང་རང་དུས་ནམ་ཡང་ཁོང་ལ་དགའ། ངས་མཚམས་འདིར་འཛམ་གླིང་ཡོངས་ཀྱི་བློ་ཡིས་མུན་པ་སེལ་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་དགེ་རྒན་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明