西藏青年报藏文版གལ་ཆེའི་གསར་འགྱུར། ལང་ཚོའི་ཕུགས་འདུན་གཏོད། འབད་འབུངས་མདུན་སྐྱོད་བྱེད། མངའ་རིས་ས་ཁུལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་ལ་་གྲུབ་འབྲས་གང་ལེགས་ཐོབ་པ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས“གཏུག་བཤེར་མེད་པའི་གྲོང་ལྷན”གྱི་ཁྱབ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

放大 缩小 默认

མངའ་རིས་ས་ཁུལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་ལ་་གྲུབ་འབྲས་གང་ལེགས་ཐོབ་པ།

ད་ལོ་ནས་བཟུང་མངའ་རིས་གྲོང་ཨུད་ཀྱིས་ཚད་མཐོའི་བསམ་བློའི་རང་རྟོགས་ལ་བརྟེན་ནས་བསམ་བློར་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རྒྱུ་དེ་ནམ་ཡང་ལམ་ཐོག་ཏུ་ཡོད་པ་དང་བློ་བརྟན་འགྱུར་མེད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དེ་གཙོ་གནད་དུ་འཛིན་པ་དང་། “མི་བྱེད་པ་ལྔ”ཡི་སྤྱོད་ཚུལ་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ཆེད་དམིགས་བཅོས་སྐྱོང་གཏིང་ཟབ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། ཏང་ཡོན་ལས་བྱེད་པའི“ནུས་པ་བདུན”གསོ་སྦྱོང་དང་ལེགས་སུ་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་འགྱུར་ལྡོག་གསར་པ་དང་ཕན་འབྲས་གསར་པ་ཐོན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།

གཅིག བཀོད་སྒྲིག་ཞིབ་ཚགས་དང་སྐུལ་སྤེལ་ཤུགས་ཆེན་བྱེད། མངའ་རིས་གྲོང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་རྒྱུ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱས་ཏེ་མཉམ་ཤུགས་གཅིག་སྒྲིལ་དང་སྒུལ་ཤུགས་འཕེལ་བ་བྱེད་པ།

གཉིས། གཙོ་གནད་འབུར་ཐོན་གྱིས་སྤྱོད་ཚུལ་སྦྱོང་བརྡར་བྱེད།“དམ་འཛིན་དྲུག་དང་སྐུལ་འདེད་དྲུག”གི་བྱ་སྤྱོད་ཏན་ཏིག་སྤེལ་རྒྱུ་གཙོ་རྐང་དུ་བྱས་ནས་ཏང་ཡོན་ལས་བྱེད་པའི་ནུས་པ་དང་སྤྱོད་ཚུལ་སྦྱོང་བརྡར་བྱས་ཏེ། མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ།

གསུམ། སྤྱོད་ཚུལ་ལེགས་འགྱུར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་བྱེད་བཞིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་གཟེར་མ་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། དོན་འཁྱོལ་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་ཕན་འབྲས་ཐོན་པར་བྱེད་པ།

གོམ་སྟབས་རྗེས་མར་མངའ་རིས་ས་ཁུལ་གྱིས་རྒྱུན་དུ་སྒྱུར་བཅོས་བྱེད་པའི་སེམས་ཤུགས་དང་། ཡུན་རིང་དམ་འཛིན་བྱེད་པའི་ངང་རྒྱུད་རིང་པོས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་། སྤྱོད་ཚུལ་ལེགས་སྐྱོང་གི་ཕན་འབྲས་དེ་“དོན་ཆེན་བཞི”དང་“གསར་འཛུགས་བཞི”རུ་གཅིག་བསྡུས་ཟམ་མི་ཆད་པར་བྱེད་པ་དང་། “12114”ཡི་ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་ཀྱི་སྒུལ་ཤུགས་ཆེན་པོ་ལ་དམིགས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་སྒྲུབ་ལས་གཏོད་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་མངའ་རིས་འདི་ཉིད་གངས་ལྗོངས་ས་མཐོའི“ནུབ་རྒྱུད་མུ་ཏིག”ཏུ་སྐྲུན་རྒྱུར་སྤྱོད་ཚུལ་གྱི་འགན་ལེན་ནུས་ལྡན་བྱེད་རྒྱུ་ཡིན་པ་རེད།

གསར་འགོད་པ། གཡང་འཛོམས།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明