西藏青年报藏文版གལ་ཆེའི་གསར་འགྱུར། ལང་ཚོའི་ཕུགས་འདུན་གཏོད། འབད་འབུངས་མདུན་སྐྱོད་བྱེད། མངའ་རིས་ས་ཁུལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་ལ་་གྲུབ་འབྲས་གང་ལེགས་ཐོབ་པ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས“གཏུག་བཤེར་མེད་པའི་གྲོང་ལྷན”གྱི་ཁྱབ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

放大 缩小 默认

ལང་ཚོའི་ཕུགས་འདུན་གཏོད། འབད་འབུངས་མདུན་སྐྱོད་བྱེད།

གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་མ་ཏེ་པེའོ་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

འདི་ལོ་ནི་ནུབ་རྒྱུད་ཀྱི་འཆར་གཞི་ལག་ལེན་བསྟར་ནས་ལོ་20འཁོར་བ་རེད། ལོ་20ཡི་རིང་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྣམ་གྲངས་ལས་གཞིས་རྩེ་གྲོང་ཁྱེར་དུ་ཕན་འབྲས་གང་དག་ཐོན་ཡོད་དམ། གཞིས་རྩེ་གྲོང་ཁྱེར་གྱིས་གོམ་སྟབས་རྗེས་མར་ཇི་ལྟར་བྱེད་དགོས་སམ། ཉེ་ཆར་གནད་དོན་འདི་དག་ལ་དམིགས་ཏེ་འདི་ག་ཚགས་པར་གྱི་གསར་འགོད་པས་གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་མ་ཏེ་པེའོ་ལ་བཅར་འདྲི་ཞུས་པ་ཡིན།

མ་ཏེ་པེའོ་ཡིས། ལོ་20ཡི་རིང་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་1845ཡིས་གཞིས་རྩེར་ཞབས་འདེགས་ཞུས་པ་ལས། མི་387འདི་གར་གཞི་ཚུགས་ཡོད། ཁོ་ཚོས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་། ལས་དོན་སྒྲུབ་པ། སློབ་སྦྱོང་བྱེད་པ། ཡར་རྒྱས་ཡོང་བ་བཅས་བྱས་ནས་གཞིས་རྩེར་ལང་ཚོའི་སྟོབས་ཤུགས་བྱིན་པ་དང་། གཞི་རིམ་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་ལང་ཚོའི་སྒུལ་ཤུགས་བསྣན་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ལང་ཚོའི་འབྲེལ་ཟམ་བཙུགས་ཡོད་ཅེས་བརྗོད་པ་རེད།

མ་ཏེ་པིའོ་ཡིས་ངོ་སྤྲོད་བྱས་དོན། ནུབ་རྒྱུད་འཆར་གཞི་ལག་ལེན་བསྟར་ནས་ལོ་20ཡི་རིང་གཞོན་ནུ་གྲངས་ལས་འདས་པ་ནུབ་རྒྱུད་དང་། གཞི་རིམ། གྲོང་གསེབ་བཅས་སུ་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་རིང་སྦྱོང་བརྡར་ཐེབས་པ་དང་འཚར་ལོངས་བྱུང་ནས་འཇོན་པོར་གྱུར་ཏེ་ལང་ཚོའི་དང་བླངས་ཀྱི་བྱ་སྤྱོད་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཚོས་གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་སྤྱི་ཡོངས་ལ་དམིགས་ནས་རང་རང་སོ་སོའི་ནུས་པ་མངོན་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཞིང་། རིམ་རྩིས་བརྒྱབ་ན་དང་བླངས་ཞབས་འདེགས་བྱེད་སྒོ་སྣ་ཚོགས་ཐེངས་14000ལྷག་ཙམ་ལ་ཞུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་ནུས་པ་གལ་ཆེན་བཏོན་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། དང་བླངས་པ་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྱད་ལྡན་དང་བླངས་ཞབས་འདེགས་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་ལག་བསྟར་བྱས་པའི་ནང“གཞིས་རྩེ་གྲོང་ཁྱེར་གྱི་ཉི་འོད་དབང་སྐྱོན་རོགས་སྐྱོར-འོད་སྣང་ཁང་ཆུང་གི་བྱ་སྤྱོད”རྣམ་གྲངས་རྒྱལ་ཡོངས་ཀྱི་དང་བླངས་ཞབས་འདེགས“100བཞི”ཡི་དང་བླངས་ཞབས་འདེགས་རྣམ་གྲངས་རྩེ་གྲར་ཚུད་ཡོད།

མ་ཏེ་པེའོ་ཡིས། གོམ་སྟབས་རྗེས་མར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རྣམ་གྲངས་གཞུང་ལས་ཁང་གིས་ནུས་པ་ཧུར་ཐག་བཏོན་ནས་གོང་རིམ་གཙོ་གཉེར་སྡེ་ཚན་དང་འབྲེལ་གཏུག་ལ་ཤུགས་སྣོན་དང་དང་བླངས་པའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་ཁོ་ཚོར་རང་ཉིད་ཀྱི་ཆེད་ལས་ཁྱད་ཆོས་གང་ལེགས་མངོན་དུ་འཇུག་པ་དང་དུས་མཚུངས་སུ། རང་ཉིད་ཀྱི་མི་ཚེའི་རིན་ཐང་གང་ལེགས་མངོན་པ་དང་། ལས་ཀའི་སྤྲོ་སྣང་ཉམས་ལེན་ཐུབ་པ། གསོ་སྦྱོང་དང་བེད་སྤྱོད་ཐད་ཤུགས་སྣོན་ཏན་ཏིག་རྒྱག་པ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་ཀྱིས་དང་བླངས་པ་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་མུ་མཐུད་ཡག་པོ་བྱེད་པ། དང་བླངས་པ་དག་མི་སྤྱོད་ཚན་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཆར་འགོད་དུ་འཇུག་རྒྱུ་འཚོལ་ཞིབ་བྱས་ནས་དང་བླངས་པའི་སློབ་གསོ་གསོ་སྦྱོང་དང་སྦྱོང་བརྡར་བེད་སྤྱོད་ཀྱི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལས་ཀའི་ལག་ལེན་ནང་དང་བླངས་པར་སྦྱོང་བརྡར་སྤྲས་ནས་འཚར་ལོངས་དང་འཇོན་ཐང་ཅན་དུ་གྱུར་པར་བྱས་ཏེ།“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་འགྱུར་ལ་དམིགས་ནས“འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པ་བཅས་བྱ་ཆེད་ལང་ཚོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明