西藏青年报藏文版རྩོམ་རིག་དགའ་ཚལ།  ༄༅། །བློ་ཕམ་ནས་མཛེས་སྡུག་མྱོང་། ༄༅། །སྨག་མུན་སེལ་བའི་སྒྲོན་མེ།    ༄༅། །ང་རྒྱལ་གྱི་ནད་གཞི། ༄༅། །སྔ་ལན་དེང་འཇལ།

放大 缩小 默认

༄༅། །ང་རྒྱལ་གྱི་ནད་གཞི།

□ 作者 བསྟན་འཛིན་ཚེ་རིང་།

མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་པ་མེད་པ་མེད་ཅེས་པ་ཇི་བཞིན། གུས་པ་སློབ་ཆུང་སྐབས་སུ་གཤིས་ཀ་ཤིན་ཏུ་ངན།

སློབ་ཆུང་གི་དུས་སུ་ང་རང་སློབ་གྲྭར་མ་སོང་བའི་གོང་ལ་ཁྱིམ་ནང་གི་དཔོན་པོ་ལྟ་བུ་ཞིག་ཡིན། མི་སུ་འདྲ་ཞིག་ཐུག་ན་ཡང་ངའི་སེམས་ནང་དེས་ངེས་པར་དུ་ངའི་ཁ་ལ་ཉན་དགོས་བསམ་པའི་བསམ་བློ་ཞིག་འདུག མ་གཞི་ང་རང་ཡང་ཕྲུ་གུའི་ནང་ནས་ཆེ་བའི་གྲས་ཡིན་པ་མ་ཟད། དུས་རྒྱུན་དུ་ཨ་ཕ་དང་ཨ་མ་གཉིས་ཀྱིས་ང་ལ་ཤིན་ཏུ་གཅེས་པའི་སྟབས་ཀྱིས་ཡིན་པ་རེད། བྱས་ཙང་ངས་མི་གཞན་ལ་གུས་ཞབས་བྱེད་རྒྱུ་ཕར་བཞག་ངེས་པར་དུ་རང་ཉིད་ཀྱི་ཁ་ལ་ཉན་དགོས་པའི་ནད་ངན་ཞིག་ཡོད།

དེ་ནས་གུས་པ་ལོ་བདུན་ཙམ་སླེབས་པ་དང་སློབ་གྲྭར་བསྐྱལ། སློབ་གྲྭའི་ནང་རང་ཉིད་དང་ལོ་རིམ་གཅིག་པ་ཡིན་པའི་སློབ་མ་ལྔ་བཅུ་ང་བརྒྱད་འདུག དེའི་ནང་ངོ་ཤེས་པ་དང་མ་ཤེས་པ་མང་པོ་འདུག་ན་ཡང་རང་ཉིད་ནི་ལོ་རིམ་འདིའི་དཔོན་པོ་ཡིན་སྙམ་གྱི་འདུག སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་ཁ་ལ་མི་ཉན་པ་མ་ཟད། སློབ་གྲྭ་གྲོལ་དུས་སློབ་ཕྲུག་གཞན་དང་རྒྱག་རེས་དང་འཁྲུག་རྩོད་བྱེད་པ་དང་། གཞན་ལ་བརྙས་བཅོས་བྱས་པའི་རྐྱེན་གྱིས་རྗེས་སུ་སློབ་གྲྭ་འདིའི་ནང་གི་རྒན་ལགས་དང་སློབ་མ་རྣམས་ཀྱིས་ང་ལ་གཏན་ནས་མི་དགའ་བ་མ་ཟད། ངའི་གྲོགས་པོ་ཡང་ཇེ་ཉུང་ཇེ་ཉུང་དུ་སོང་། དེ་ནས་ངས་གཞི་ནས་དེ་ལྟར་བྱས་ན་མི་འགྲིག་པ་དང་། རང་ཉིད་ལས་མེད་སྙམ་པའི་ང་རྒྱལ་གྱི་ནད་དེ་སྤངས་དགོས་པ་ཤེས་སོང་། ང་རང་དངོས་གནས་བསམ་མི་ཤེས་བར་དུ་ཧ་མི་གོ་ཟེར་བ་དེ་རེད་འདུག

མདོར་བསྡུས་ནས་བཤད་ན། ང་རང་སློབ་ཆུང་དུས་ཀྱི་ནད་དེ་ནི་ང་རྒྱལ་ཡིན་བསམ་པའི་གཤིས་ཀ་དེ་ཡིན། ཕྱིས་སུ་མི་རྣམས་ཀྱིས་རང་ཉིད་ཀྱི་ང་རྒྱལ་དང་ཕྲག་དོག་གི་ནད་གཞི་དེ་རིང་དུ་སྤངས་ནས་མི་ཕན་ཚུན་འཆམ་མཐུན་དང་མཉམ་གནས་བྱེད་པར་འབད་དགོས་སོ། །

ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༣)

ཟུར་ཁྲིད་དགེ་རྒན། དབང་གྲགས་ལགས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明