西藏青年报藏文版རྩོམ་རིག་དགའ་ཚལ།  ༄༅། །བློ་ཕམ་ནས་མཛེས་སྡུག་མྱོང་། ༄༅། །སྨག་མུན་སེལ་བའི་སྒྲོན་མེ།    ༄༅། །ང་རྒྱལ་གྱི་ནད་གཞི། ༄༅། །སྔ་ལན་དེང་འཇལ།

放大 缩小 默认

༄༅། །སྨག་མུན་སེལ་བའི་སྒྲོན་མེ།

□ 作者 སྐལ་བཟང་ཆོས་སྒྲོན།

འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་རང་རང་སྐྱེད་འཚར་ཞིག་གི་གོ་སྐབས་གནང་། ཚེ་སྲོག་གི་འབྱུང་རྩ་ཞིག་ལས་རང་རང་མདུན་སྐྱོད་ཀྱི་ལམ་བུ་ཞིག་ཀྱང་བསྟན། དགེ་བའི་བཤེས་གཉེན་ལགས། ཁྱེད་ནི་སྨུག་མུན་སེལ་བའི་སྒྲོན་མེ་དེ་ཡིན་ལ། ལམ་ཀྱག་ཀྱོག་བགྲོད་པའི་ལམ་རོགས་ཡག་ཤོས་དེ་ཡང་ཡིན།

མ་གཞི་ཁྱེད་ནི་དབང་ཐང་དྲག་པོས་ཁེངས་པའི་དཔོན་པོ་ཞིག་མ་ཡིན་ལ། གསེར་དངུལ་རྒྱན་ཆས་ཕྱུག་པའི་ཕྱུག་བདག་ཞིག་དེ་བས་ཀྱང་མ་ཡིན། ལས་གནས་དཀྱུས་མ་ཞིག་ལས། ཡོད་ཚད་ང་ཚོར་གནང་མཁན་གྱི་དྲིན་ཆེན་དེ་ཡིན། ལས་འབྲེལ་གྱི་ཁྲོད་ནས་ཁྱེད་ཀྱི་གནག་སྣུམ་ཀྱི་དབུ་སྐྲར་གངས་དཀར་གྱི་འདབ་མ་ལྷུང་ཞིང་། འཇམ་གཉེན་གྱི་ཞལ་རས་དེ་གཉེར་མའི་གྲོག་ཤུར་དུ་ལྷུང་། ཕྲ་ཆུང་གི་འདྲེན་བྱེད་དེ་གདང་བཙུམ་བྲལ་མེད་ཀྱི་ལས་ལ་བྲེལ།

ཁྱེད་ཀྱི་འོ་མ་ལྟ་བུའི་སྙིང་གཏམ་གྱི་རོ་བཅུད་བསྩལ་ནས། མན་ངག་ལྟ་བུའི་ཉམས་མྱོང་གི་བང་མཛོད་ཕྱེ་ནས། ང་ལ་མདུན་སྐྱོད་ཀྱི་ལམ་བུ་གནང་སྐབས། ཀྱག་ཀྱོག་གི་ལམ་བུ་ཟེར་བ་ཡང་དེ་འདྲ་ཙམ་ལགས།

དགེ་བའི་བཤེས་གཉེན་ལགས། དབྱར་ཉི་མ་ལྟ་བུའི་གཟི་བྱིན་ཁྱེད་ལ་ཡོད་ལ། དཔྱིད་རླུང་བུའི་བྱམས་སེམས་ཁྱེད་ལ་ཡོད། མུན་པའི་ཁྲོད་ཀྱི་ང་ཚོར་མདུན་སྐྱོད་ཀྱི་ལམ་བུ་ཁྱེད་ཀྱིས་བསྟན་པས། བདག་གི་སློབ་གྲྭའི་འཚོ་བའི་ཁྲོད་བདེ་སྐྱིད་ཀྱི་འཇའ་ཚོན་བཞིན་བཞད་ཡོད་པ་འདི་ཁྱེད་ཉིད་རང་ལས་མེད།

ཁྱེད་རྣམས་ཀྱིས་གདམས་ངག་དང་བྱམས་བརྩེ་དག་ཚེ་རབས་ནས་ཚེ་རབས་བར་ལྷན་དུ་གནས་ཤིང་། ཁྱེད་རྣམས་སྐུ་བསོད་འཕེལ་ཞིང་། ཐུགས་འདུན་ལྷུན་གྲུབ་ཡོང་བའི་སྨོན་པ་ཡང་ནས་ཡང་དུ་འདོན་ཞིང་། སླར་ཡང་དཀར་གཙང་གི་མཇལ་དར་ཁྱེད་ལ་ཕུལ་ཏེ་དགེ་རྒན་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུའོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明