西藏青年报藏文版ཕྱོགས་བསྡུས། དུས་རབས་གསར་པའི་ལོ་ཆུང་གཞོན་ནུ་བཟང་པོ་ཞིག ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། 2023ཀྲུང་གོའི(ལྷ་ས)གྲངས་འཛིན་ཅན་གྱི་འཁོར་ཁྲིད་ཡུལ་སྐོར་དུ་སྐྱོད་པའི་ཚོགས་ཆེན་སྐབས་དང་པོ་དེ་ཞང་ཞུང་མེ་ཏོག་རུ་འཚོགས་པ།

放大 缩小 默认

ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ།

2000ལོ།(2)

★ ཟླ་10ཚེས་9ཉིན་ནས་ཚེས་11ཉིན་བར། ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་འགོར》གྲོས་འཆམ་བྱུང་ཡོད།

★ ཟླ་10ཚེས་11ཉིན། ཅང་ཙེ་མིན་གྱིས་ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གྲོལ་རྗེས་ཀྱི་གསུང་བཤད་ནང་ཤིན་ཅང་གི་ལོ་རྒྱུས་དང་དོན་དངོས་དང་ཟུང་འབྲེལ་གནང་ནས་མི་རིགས་ཁ་ཕྲལ་ཕྱོགས་གཏོགས་དང་། ཆོས་ལུགས་ཐད་སྐྱོད་ཕྱོགས་གཏོགས། འཇིགས་སྐུལ་ཕྱོགས་གཏོགས་བཅས་ལ་རྡུང་རྡེག་བཏང་ནས་ཤིན་ཅང་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཕྱོགས་ཡོངས་ནས་རྒྱས་བཤད་གནང་ཡོད། མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་ཆབ་སྲིད་ཆེན་པོ་ཞིག་དང་སྤྱི་ཡོངས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་ཡོང་བར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་ནན་བཤད་གནང་ཡོད།

★ ཟླ་11ཚེས་8ཉིན། ཀུའེ་ཀྲོའུ་ཧུང་ཅ་ཏུའུ་ཆུ་ཤུགས་གློག་ཁང་དང་། དབྱིན་ཙེ་ཏུའུ་ཆུ་ཤུགས་གློག་ཁང་། ཝུའུ་ཅང་ཏུའུ་ཆུ་ཤུགས་གློག་ཁང་བཅས་རྒྱ་སྐྱེད་ལས་གྲྭ་དུས་གཅིག་ཏུ་འགོ་ཚུགས་པ་དང་ཀྲུང་གོའི་ནུབ་གློག་ཤར་འདྲེན་གྱི་ལས་གྲྭ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明