西藏青年报藏文版ཕྱོགས་བསྡུས། དུས་རབས་གསར་པའི་ལོ་ཆུང་གཞོན་ནུ་བཟང་པོ་ཞིག ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། 2023ཀྲུང་གོའི(ལྷ་ས)གྲངས་འཛིན་ཅན་གྱི་འཁོར་ཁྲིད་ཡུལ་སྐོར་དུ་སྐྱོད་པའི་ཚོགས་ཆེན་སྐབས་དང་པོ་དེ་ཞང་ཞུང་མེ་ཏོག་རུ་འཚོགས་པ།

放大 缩小 默认

ཤེས་རབ་ཀུན་འཛོམས།

དུས་རབས་གསར་པའི་ལོ་ཆུང་གཞོན་ནུ་བཟང་པོ་ཞིག

ནག་ཆུ་གྲོང་ཁྱེར་སློབ་ཆུང་ལོ་རིམ་བཞི་པའི་འཛིན་གྲྭ་དྲུག་པའི་སློབ་ཕྲུག་ཤེས་རབ་ཀུན་འཛོམས་ནི་ཟོལ་མེད་ཡིད་རྟོན་དང་། རྒན་ལ་བཀུར་ཞིང་གཉེན་ལ་བྱམས་པ། ཧུར་བརྩོན་གྲོན་ཆུང་། ཡ་རབས་གུས་ཞབས་ཆེ་བ། གཞན་ལ་རོགས་རམ་བྱེད་པར་དགའ་བ་བཅས་ཀྱི་སློབ་མ་ཡག་པོ་ཞིག་ཡིན་པས། སློབ་གྲྭས“ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་སྦྱོང་གི་འཇོན་ཐང་ཅན་ཆུང་ཆུང”དང་། “རྩིས་རྒྱག་འཇོན་ཐང་ཅན་ཆུང་ཆུང”“མཛེས་རྩལ་པ་གྲགས་ཅན་ཆུང་ཆུང”“བཟང་པོ་གསུམ་ལྡན་གྱི་སློབ་མ”“ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་མི”“ཕུལ་བྱུང་སློབ་མ”སོགས་ལ་ཐེངས་མང་བདམས་པ་རེད། ཁོ་མོ་ནི་དགེ་རྒན་ཚོའི་མིག་ནང་གི་སློབ་མ་བཟང་པོ་དང་ཁྱིམ་བདག་གི་མིག་ནང་གི་ཕྲུ་གུ་བཟང་པོ་རེད་ལ་སློབ་གྲོགས་ཚོའི་མིག་ནང་གི་རོགས་པ་བཟང་པོ་ཡང་རེད།

ཤེས་རབ་ཀུན་འཛོམས་ནི་མཉམ་སྡེབ་ལ་དགའ་ཞེན་ཆེ་ཞིང་སློབ་གྲོགས་ལ་དོ་ཁུར་བྱེད་མཁན་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་རེད། འཛིན་གྲྭའི་ནང་དུ། ཁོ་མོས་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛིན་གྲྭ་དེའི་སློབ་གྲོགས་ཚོར་སྐུལ་ཁྲིད་བྱེད་ཀྱི་ཡོད། མི་གཅིག་ལ་སྟོབས་ཤུགས་ཆུང་ཆུང་ཞིག་ལས་མེད་ཀྱང་མི་མང་པོས་མཉམ་དུ་འབད་འཐབ་བྱས་ན་ནུས་པ་སྔར་བས་ཆེན་པོ་འདོན་སྤེལ་ཐུབ་པར་ཁོ་མོས་ནམ་ཡང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།

ཤེས་རབ་ཀུན་འཛོམས་ལ་སྦྱངས་འབྲས་གཡུར་ཏུ་ཟ་བ་ཐོབ་པ་ནི་དྲན་ཤེས་ཙམ་ལ་བརྟེན་པ་མ་ཡིན་པར་ཁོ་མོས་བསླབ་ཚན་ཁག་ལ་གོ་བ་ནན་ཏན་བླངས་ནས་སྦྱངས་པ་གོ་ཆོད་ཐུབ་པར་བྱས་པས་རེད། ལོ་ཆུང་དུས་ནས་བཟུང་། ཁོ་མོས་ཕ་མའི་ངག་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་མེད་པ་གསལ་པོར་ཤེས་ཏེ། ཕ་མའི་ངག་སློབ་དཔེ་སྟོན་ལ་བརྟེན་ནས་གནས་ལུགས་མང་པོ་རྟོགས་ཡོད། འདི་ལོའི་གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་དུ་སྐྱོད་ཅེས་པའི་སྐད་ཡིག་རིགས་ཀྱི་འགྲན་བསྡུར་བྱེད་སྒོའི་ཁྲོད། ཁོ་མོས་གསོན་ཉམས་ལྡན་པའི་དཔེར་བརྗོད་དང་སྤྲོ་སྣང་དོད་པའི་གཏམ་རྒྱུད་ལ་བརྟེན་ནས་གཏམ་བཤད་ཀྱི་ཡིད་དབང་འགུགས་ཤུགས་ཆེ་རུ་བཏང་བས་དཔྱད་འདེམས་པའི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ནས་མཇུག་མཐར་གྲུབ་འབྲས་ཡག་པོ་ཐོབ་ཡོད། ཁོ་མོས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ལོ་ཆུང་བྱིས་པ་ཞིག་གི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་དང་སྦྲགས་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ལ་སྐུལ་འདེད་གཏོང་བར་ཡང་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

སློབ་གྲྭའི་ནང་དུ། ཁོ་མོའི་སྦྱངས་འབྲས་ལེགས་ཤིང་སྤྲོ་སྣང་ཆེ་ལ། བསམ་བློ་གཏོང་རྒྱུར་དགའ་བ་ལ་དྲི་བ་འདོན་པར་སྤྲོ། འཛིན་གྲྭའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཁོ་མོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་ལ་བླང་བྱ་ནན་པོ་འདོན་པ་དང་འགན་འཁྲི་ནན་པོ་འཁུར་པས་དགེ་རྒན་གྱི་ལས་རོགས་ཡག་པོ་དང་སློབ་གྲོགས་ཚོའི་རོགས་པ་ཡག་པོར་གྱུར་ཡོད། ཁོ་མོས་རྟག་ཏུ་གཞན་ལ་བཟོད་སྒོམ་བྱེད་པ་དང་སློབ་གྲོགས་སུ་ཞིག་ལ་དཀའ་ངལ་འཕྲད་ཚེ་རོགས་རམ་བྱེད་ཀྱི་ཡོད།

ནང་དུ་ལོག་ཚེ། ཁོ་མོས་ནམ་རྒྱུན་ཕ་མར་ལས་ཀ་མང་པོ་ཡོད་པ་ཤེས་ནས་རང་འགུལ་ངང་ཁྱིམ་ལས་བྱེད་ཀྱི་ཡོད། ཁོ་མོས་བལྟས་ན། ཁྱིམ་ལས་བྱེད་པ་ནི་འགན་འཁྲི་ཞིག་དང་འོས་འགན་ཞིག་ཡིན་པས་ཕ་མའི་དཀའ་ཚེགས་ཆུང་དུ་གཏོང་ཐུབ་པ་མ་ཟད་ད་དུང་རང་ཉིད་ཀྱི་རང་མགོ་ཐོན་ནུས་ཆེ་རུ་དང་འགན་འཁྲིའི་སེམས་པ་ཟབ་ཏུ་ཡང་གཏོང་ཐུབ་ཀྱི་ཡོད། དེར་བརྟེན་ཁོ་མོས་ཁོམ་པ་བྱུང་ཚེ་ཚལ་བཀྲུས་ནས་གཏུབ་པ་དང་གྱོན་ཆས་འཁྲུད་པ་སོགས་ཕ་མར་ལས་ཀ་བྱེད་རོགས་བྱེད་ཀྱི་ཡོད། ཁོ་མོ་བསམ་ཤེས་ཤེས་ཐུབ་པ་དང་ལས་ལ་བརྩོན་པས་ཕ་མ་གཉིས་ཀ་ཧ་ཅང་དགའ་པོ་ཡོད་ལ་གྲོགས་པོ་ཆུང་ཆུང་གཞན་དག་ཚོའི་མིག་དཔེ་བཟང་པོར་ཡང་གྱུར་ཡོད། ཤེས་རབ་ཀུན་འཛོམས་ཀྱིས་ཕུགས་བསམ་དོན་གཉེར་བྱས་ནས་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་གི་ཉམས་འགྱུར་མངོན་བཞིན་ཡོད་པ་རེད།

དམ་ཆོས་མི་ཕམ་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明