西藏青年报藏文版ཕྱོགས་བསྡུས། དུས་རབས་གསར་པའི་ལོ་ཆུང་གཞོན་ནུ་བཟང་པོ་ཞིག ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དོན་ཆེན་ཟིན་ཐོ། 2023ཀྲུང་གོའི(ལྷ་ས)གྲངས་འཛིན་ཅན་གྱི་འཁོར་ཁྲིད་ཡུལ་སྐོར་དུ་སྐྱོད་པའི་ཚོགས་ཆེན་སྐབས་དང་པོ་དེ་ཞང་ཞུང་མེ་ཏོག་རུ་འཚོགས་པ།

放大 缩小 默认

2023ཀྲུང་གོའི(ལྷ་ས)གྲངས་འཛིན་ཅན་གྱི་འཁོར་ཁྲིད་ཡུལ་སྐོར་དུ་སྐྱོད་པའི་ཚོགས་ཆེན་སྐབས་དང་པོ་དེ་ཞང་ཞུང་མེ་ཏོག་རུ་འཚོགས་པ།

ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མཛུབ་ཁྲིད་འོག་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་པེ་ཅིང་ཨ་ཧ་ཚན་རྩལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་2023ཀྲུང་གོའི(ལྷ་ས)གྲངས་འཛིན་ཅན་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ཚོགས་ཆེན་སྐབས་དང་པོ་དེ་སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དུ་འཚོགས་པ་རེད། མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་གཞོན་པ་ཧྲི་ཡུས་ཧུའེ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཁྲེན་ཅིང་། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ལེའང་ཝུའེ། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ནོར་བུ་འཕྲིན་ལས། ཅུས་ཀྲང་ཀའོ་ཅན་ཧུང་། སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཡུན་པིན། ཨ་ཧ་ལུའུ་ཧྲུའུ། CEOལིའུ་ཤན་ཏེ་བཅས་ཀྱིས་མཉམ་དུ་གྲངས་འཛིན་ཅན་གྱི་འཁོར་ཁྲིད་ཡུལ་སྐོར་བསྡུ་རུབ་ཚོགས་ཆེན་འཚོགས།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དང་པོའི་གྲངས་འཛིན་ཅན་གྱི་འཁོར་ཁྲིད་ཡུལ་སྐོར་དུ་སྐྱོད་པའི་ཚོགས་ཆེན་གྱིས་མི་ཆིག་སྟོང་ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཅིང་། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རླངས་འཁོར་བཟོ་གྲྭ་ཁག་གི་བཟོ་ལྟ་མི་གཅིག་པའི་རླངས་འཁོར་ 300ལྷག་ཙམ་ཡོད་པས། དྲ་ཐོག་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ་དང་དུས་མཚུངས། ཚོགས་ཆེན་གྱི་ཁྱུག་དབྱིངས་དང་། དཔོད་ཆུང་། འཕྲིན་སྟེགས། བརྙན་སྟེགས་སོགས་སྨྱན་སྦྱོར་ཚན་པའི་གཞུང་ཕྱོགས་ཀྱི་གླེང་གཞི་ཁྱབ་བསྒྲགས་བྱས་ནས་ཁྱོན་ལྟ་ཚད་དང་དོ་ཁུར་བྱེད་ཚད་དུང་ཕྱུར་5ལས་བརྒལ་ཡོད།

གྲངས་འཛིན་ཅན་གྱི་འཁོར་ཁྲིད་ཡུལ་སྐོར་བྱེད་མཁན་གྱིས་ལྷ་སའི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་པ་དང་། གྲངས་གཞི་ཅན་གྱི་ལག་རྩལ་དང་འཁོར་ཁྲིད་ཡུལ་སྐོར་ཟུང་འབྲེལ་བྱས་པ་བརྒྱུད། ཡུལ་སྐོར་བས་སྟབས་བདེའི་ངང་ཡུལ་སྐོར་འཆར་འགོད་དང་མཛེས་ལྗོངས་ཁུལ་འཚོལ་ཞིབ་བྱས་ནས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྱི་འཚོ་བར་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད། དེ་དང་ཆབས་ཅིག་གྲངས་འཛིན་ཅན་གྱི་འཁོར་ཁྲིད་ཡུལ་སྐོར་བྱེད་པ་དེས་ལྷ་སའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྤྲད།

གསར་འགོད་པ། བསྟན་འཛིན་གཡང་ལགས།

བསོད་བསྟན་དང་བསོད་བཀྲ་ཡིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明